| | e-texts navigator
|
146a1 གད་གས་ལ་འགྱུར་མྱུ་ཉམས་གྱུ།། རྟག་མད་ཐར་བབྱང་ཆས།། ཡགས་སུ་མས་དྷམ་ཐག་རྡུང།། དཔཞན་ནསངས་རྣས་གངས།། དཡང་དུ་སམས་དཔ་ད།། ས་སྨྲར་མཆོག་ཏུམས་པབ་ཏ
146a2 བདེ་གསལ་སངས་རྒྱས་ལྗགས།། ཡེ་ཤེས་ལྗགས་ཀྱིས་རང་རིག་མྱོང་།། དེ་དེན་དགོངས་པང་བྱུང་སྦྲ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དངོས་མོད་རིག་གསལ་ཡེ་ཤེས་ལུས།། ཡེ་ཤེས་སྤྲུ་ལ་སྐྱེ་ཤི་མེད།། དེ་དོན་མི་འགྱུར་ཡོན་ཏན་རྫོགས།། དེ་ཕྱི་སངས་རྒྱས་ཆོས་ཀྱི་ཧཱུ~ཾ།
146a3 དེ་ལྟ་ན་སྐད་ཅིག་དུས་དེར།། གཟའ་སྐར་གཟུགས་བརྙན་རྒྱ་མཚོ་བཞིན།། དུས་གཅིག་འཛམ་གླིང་ཕྲག་བརྒྱ་རུ།། འགྲོ་དོན་གཟུགས་སྔ་དུས་གཅིག་ཟབ།། ཅི་རིགས་པ་ཡི་ཆོས་རྣམས་སྟོན།། དཔེ་ནི་སྤྲིན་མེད་ནམ་མཁའ་འདྲ།། རྟགས་ནི་སངས་རྒྱས་ཆོས་སྐུ་མཁྱེན།། དེ་ལ
146a4 ཡོན་ཏན་བརྗོད་མེ་ལངས།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། སངས་རྒྱས་ཀྱི་མཛོད་སྤྲོད་བསྟན་པའི་འང་སྟེ་ཉེ་དགུ་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མརྟོགས་འཁོར་བར་འཁྱམས་པ་དང་།། གདམས་ངག་མེད་པའི་རྒྱན
146a5 ནི་གང་།། དེ་ཡི་ལྕང་སྒོ་གང་དུ་ལྷུང་།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འཁོར་གྱི་ཚོགས་ལ་བཀའ་སྩལ་པ།། ཆུད་ལུང་མན་ངག་ཆོས་རྣམས་ཀུན།། སྣང་བ་བཞི་རུ་བློས་བྱས་ནས།། བློ་སྦྱར་གཉིས་ལ་ཞེན་པའི་ཕྱིར།། བྱས་པའི་དོན་མེད
146a6 སྡུག་བསྔལ་སྟོན།། ད་ཡང་རྡོ་རྗེ་སེམས་དཔའི་ཉོན།། དཔེར་ན་བྱ་སྒོ་རླུང་ཁྱེར་ལྟར།། ངེས་མེད་གཞི་ལ་བློ་གཏད་ནས།། མ་རྟོགས་རྩོལ་བསྲུབ་ཅེ་སྤྲད་ཀྱང་།། མི་གྲོ་ལ་དུག་ལྔ་རྒྱས་པར་འགྱུར།། དམུས་ལོང་ཕུང་ཐང་འཁོར་བ་བཞིན།། དེས་དོན་མ་རྟོགས་ཅི་བསྒོམས
146a7 ཀྱང་།། ཤེས་རབ་མིག་མེད་པག་ཆགས་བརྟས།། གོལས་མི་ཆོད་ནོར་པོའི་ལམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་འདབ་ཆགས་གཤོག་ཆག་ལྟར།། ལྷ་སྤྱོད་གཅིག་ཏུ་མ་ཤེས་པས།། ངེས་འཇོག་བྱང་དང་ཟློས་བྱས་ཕྱིར།། མ་རྟོགས་ཆོས་སྤྱོད་ལས་རྣམས
iiif viewer powered by OpenSeadragon
145b - 146b