e-texts navigator
Collection
Volume
Page
Wylie

145a1 འཇོགས།། དེ་ཡིས་དེ་ཉིད་མཚན་པ་དཔེ་།། ཏལ་ལ་མར་གྱིས་ཁྱབ་པ་ལྟར།། ནམ་མཁའ་ཨ་དང་རྡོ་རྗེ་ལས།། ཕྱོགས་དགང་འདྲ་བ་དཔེ་ཡིས་མཚོན།། འབྲས་བུ་རང་ལ་ཡོད་པའི་ཕྱིར།། ཆུ་རྐྱེན་གཞན་ལ་རག་མ་ལུས།། དེ་ཕྱིར་དང་བྱུང་ཀུན་ཀྱང་དེ།
145a2 གཞན་དོན་བྱས་ཟིན་བཅོལ་མི་དགོས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྟོགས་པ་སྐད་ཅིག་སངས་རྒྱས་དེ།། ངོ་བོ་ཀུན་གཞི་གཞི་ཆ་ལ།། ལུང་ལྡན་བླ་མས་དོན་བསྟན་པས།། མ་རིག་སངས་ནས་རིག་པ་རྒྱས།། དེ་ཡི་ཆེད་དུ་གཏན་ཚིགས་ནི།། འཁོར་འདས་འབྱུང་བའི་གློ་བུར་ངེས།། གཞི་ལ་མེད།
145a3 པས་རང་ཡིད་ཆེས།། དེ་ཕྱིར་རྩོལ་བའི་ནད་དང་བྲལ།། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། མུན་ཁང་སྨོན་མ་བཏེག་པ་དང་།། ནམ་ལངས་ཉི་མ་ཤར་བ་དང་།། ལོང་བས་རིན་ཆེན་རྙེད་པ་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི།། བག་ཆགས་ཉོན་མོངས་ཟིལ་གྱིས་མནན།། ཡུལ་མེད་རང་རིག་ཆོས་སྐུར་ལྡན།།
145a4 དེ་ལ་ཡིད་ཆེས་འབྲས་བུའི་མཆོག། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ལམ་ལ་གནས་པའི་སངས་རྒྱས་དེ།། ངོ་བོ་ལྟ་བ་གཞི་དེས་ཕྱིར།། རྒྱུན་དུ་འབྲལ་མེད་ལྷག་མཐོང་གསལ།། ཡེ་ཤེས་ངོས་ཟིན་ཡེངས་པ་མེད།། དེ་ཕྱིར་ལམ་ཆེན་ཆོས་སྐུའི་ཀློང་།། དེ་ཡི་ཡིད་ཆེས་གཏན་ཚིགས་ནི།། ཉོན
145a5 མོངས་མི་འབྱུང་བག་ཆགས་བྲལ།། སྤང་སྡུད་ཞེན་པའི་རྟོག་པ་སངས།། རང་རིག་སྒྲིབ་མེད་ཡེ་ཤེས་རྒྱས།། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། མར་མེ་རླུང་གིས་མ་བསྐྱོད་དང་།། སྤྲིན་མེད་ཉི་མ་རང་གསལ་དང་།། མི་གཡོ་རྒྱ་མཚོ་དངས་པ་འདྲ།། འབྲས་བུ་ཡེ་ཤེས་དེ་ཉིད་ནི།། ལྟ་བ་གདེང་ལྡན་ཡིད་ཆེས
145a6 པའི།། རང་རིག་ཡེ་ཤེས་ཉམས་ཤར་བས།། འཁོར་བར་ལྟུང་མེད་འབྲས་བུའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། འབྲས་བུ་མངོན་གྱུར་སངས་རྒྱས་ཏེ།། རང་རིག་ངོ་བོ་ཉིད་ཀྱི་སྐུ།། ཡེ་ཤེས་ཐུགས་ཀྱིས་ཐམས་ཅད་མཁྱེན།། ངེས་པའི་དོན་ལ་འགྱུར་བ་མེད།། ཡིད་ཆེས་ངེས་པའི་གཏན་ཚིགས
145a7 ནི།། ལུས་དང་བྲལ་བའི་བར་དོལ།། མརིག་སྒྲིབ་པ་ཐམས་ཅད་སངས།། རང་བྱུང་རིག་པའི་ཡེ་ཤེས་རྒྱས།། དེ་ཡི་མཐུན་དཔེ་མཚོན་པ་ནི།། ཡིད་བཞིན་ནོར་བཆེན་པོ་ཆེ།། དགོས་འདོད་ཐམས་ཅད་འབྱུང་བ་དང་།། ཅི་བསམ་འགྲུབ་པའི་དཔེ་དང་འདྲ།། དེ་ཡི་འབྲས་བུ་ངེས་པ་ནི།། རང་རིག་ཆོས་སུས




iiif viewer powered by OpenSeadragon

144b - 145b

Texts on this page

Gdg002.2 - rdzogs pa chen po don 'dus rig pa'i gsung rang byung bde ba'i 'khor lo