e-texts navigator
Collection
Volume
Page
Wylie

144b1 ཡང་འདུས་པའི་སྟེང་བ་ཏོན།། ཟིལ་གྱིས་མནན་ཐབས་དདག་ཀྱང་།། སྤང་པན་དགག་བསྒྲུབ་མད་པར་འདུས།། ལྷ་སྦོམ་སྤྱོད་པ་གཅིག་གི་དང་།། དཔྱིར་འབྲས་བུ་ལྷན་གྱིས་ཐུབ།། རྫོགས་པ་ཅན་པོ་དོན་འདས་དག་པ་གསུང་། རང་བྱུང་བ་ད་པའ་འཁར་ཡང་གྱུད་པས། སྤོད་པ་བད་བང
144b2 གྱིས་མཐུན་པའི་ལེའུ་ཉེར་ལྔ་པའོ།། ། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཁང་འགྲོའི་ལུང་སྟོན་བདུད་བྱུང་ན།། རང་རིག་འགྱུར་མེད་རྟོགས་པ་ལས།། གཞན་དུ་ལུང་སྟོན་བསླུ་བར་ཤེས།། རེ་དོགས་མེད་པར་ཟིལ་གྱིས་མནན།། ཉམས་མྱོང་ཞེན་པའི་བདུད་བྱུང་ན།
144b3 མེད་པའི་ཆོས་སྤུ་ནི།། ཏིང་འཛིན་གྱེན་གྱིས་མི་འགྱུར་ཕྱིར།། ཞེན་མེད་ལྟ་བའི་ཟིལ་གྱིས་མནན།། ཞེ་འདོད་ཚུལ་འཆོས་བདུད་བྱུང་ན།། གང་ཡང་མ་བཅོས་དོན་དྲན་ནས།། རང་ཐུང་ཆོས་སྤུའི་གདེང་ལྡན་པས།། རྟོག་པ་དྲང་པོས་ཟིལ་གྱིས་མནན།། བདེ་བ་བོགས་འདོན་བདུད་བྱུང་ན།། རང
144b4 བྱུང་ཡེ་ཤེས་རྟེན་མེད་བྱིང་།། དབང་ལ་མི་ལྟོས་འཕེལ་འགྲི་བ་མེད།། རྐྱེན་ལས་མི་འབྱུང་ཟིལ་གྱིས་མནན།། གདོང་མེད་སྤར་འདེབས་བདུད་བྱུང་ན།། ཆོས་སྲུང་སྤྲོ་སྤར་བྲལ་བའི་ཕྱིར།། ལུང་ལྡན་ཅན་ལ་གནོད་མི་ནུས།། ལྕེ་སྤྱོད་མཁན་གྱི་ཟིལ་གྱིས་མནན།། ང་རྒྱལ་སྤྲོ་འདོགས་བདུ་དཔུང་ན།།
144b5 རང་བྱུང་དོན་ལ་སྒྲོ་འདོགས་བྲལ།། ངེས་པའི་གདམས་ངག་དམ་པ་འདི།། སྣོད་ང་ན་གསང་བས་ཟིལ་གྱིས་མནན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཉམས་ཀྱི་བདུད་དྲུག་ཀྱང་།། རྟོགས་ན་རྣལ་འབྱོར་དམ་པའི་ལམ།། དེ་ཕྱིར་ལྟ་བ་བརྗེད་མེད་བྱ།། དེ་དོན་སངས་རྒྱས་དགོངས་པ་ཡིན།།
144b6 རྫོགས་པ་ཆེན་པོ་དོན་འཇུས་རིག་པའོ་གསུང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་ཅིབམྦྷིས་གནན་པར་བསྟན་པའི་ལེའུ་སྟེ་ཉེར་དྲུག་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། སངས་རྒྱས་རྣམ་བཞི་ཇི་ལྟར་དབྱེ།། བར་དོར་སངས་ནི་ཇི་ལྟར་བྱ།། སངས་རྒྱས་མཛད་སྤྱོད་ཇི་ལྟར་བྱུར།།
144b7 ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། ཞུས་པའི་དོན་གས་ན་བཀང་སྩལ་བ།། དང་པོ་རྒྱ་ཡི་སངས་རྒྱསན།། རང་ཐུང་ངོ་བོ་ཉིད་ཀྱི་སུ།། སེམས་ཅན་ཀུན་གཞིའི་མུན་གསེབ་ན།། རང་བྱུང་མ་ག་སྒྲིབ་པ་སྟེ།། དེ་ཡི་གཏན་ཚིགས་ངེས་པ་ནི།། རྟག་ཆད་བྲལ་ཀྱང་ངོམ་ཤེས།། འཁོར་འདས་གཉིས་ཀ་སེམས




iiif viewer powered by OpenSeadragon

144a - 145a

Texts on this page

Gdg002.2 - rdzogs pa chen po don 'dus rig pa'i gsung rang byung bde ba'i 'khor lo