| | e-texts navigator
|
144a1 མནན།། འཇིགས་པ་གཟུགས་ཀྱི་བད་བྱུང་ན།། གཞི་ལ་སྣང་བ་མེད་པའི་ཕྱིར།། དངོས་མེད་ཤེས་པའི་ཏིང་འཛིན་གྱིས།། གཟུགས་ཅན་མཚན་མ་བལ་གྱིས་མནན།། བསླུ་བ་རྫུན་གྱི་བདུད་བྱུང་ན།། ཆོས་སྒྲ་ཆོག་པས་འདས་པའི་ཕྱིར།།
144a2 བདེན་པར་འཛིན་པའི་སྐྱོན་དང་བྲལ།། ལྡན་ལ་བདེན་མེད་ཟིལ་གྱིས་གནོན།། ད་ཡང་འདུས་པའི་སྙིང་པོ་ཉོན།། བྱིང་བབསལ་བའི་བདུད་བྱུང་ན།། གཉིད་གསུམ་བསྲེས་པའི་གདམས་ངག་གིས།། གཏི་མུག་ཆོས་སྦྱར་རབ་ཐིམ་པས།། ཡི་གནས་ལྟ་བའི་ཟིལ་གྱིས་གཏོད།།
144a3 རྨུགས་པ་བདེ་བའི་བདུད་བྱུང་ན།། འཕེལ་འགྲིབ་མེད་པའི་དོན་ཤེས་ཕྱིར།། བདེ་ཆེན་ཡེ་གནས་ལྟ་བ་ལ།། མཉམ་ཉིད་རིག་པས་ཟིལ་གྱིས་མནན།། རྒོད་པ་མི་རྟོག་བདུད་བྱུང་ན།། སྣང་བའི་བག་ཆགས་བརྟས་པ་ལས།། རང་རིག་བག་ཆགས་མེད་པའི་ཕྱིར།། སྤང་སྡུད་ཞེན་མེད་ཟིལ་གྱིས
144a4 མནན།། འཕྲོ་བ་མེག་མའི་བདུད་བྱུང་ན།། ཡེ་ནས་མི་གཡོ་ཆོས་སྤྲུལ།། གོམས་པའི་དབང་གིས་ཏིང་འཛིན་གསལ།། མི་བརྗེད་གཟུངས་ཀྱི་ཟིལ་གྱིས་མནན།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལྟ་སྒོམ་བདུད་ནི་དེ་དག་ཀྱང་།། རང་བྱུང་ཆོས་སྐུའི་དོན་རྟོགས་པས།། གང་བྱུང་ཟིལ་མནན་རང
144a5 བརླགས་པས།། དབྲས་པ་ཡེ་ཤེས་ལྷན་གྱིས་གྲུབ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་ཀླུད་ལས། ལྷ་སྒོམ་གྱི་བདུད་ཟིལ་གྱིས་མནན་པའི་ལེའུ་སྟེ་སྟེར་བཞི་པའོ།། #། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དོན་དང་ལ་གནས་པའི་ཚེ།།
144a6 འདུ་འཛ་ལོངས་སྤྱོད་བདུད་བྱུང་ན།། ཏིང་འདོན་དགྲ་རུ་ཤེས་པ་ཡིས།། འདོད་ཆུང་ཆོག་ཤེས་ཟིལ་གྱིས་མནན།། ཞེན་པ་གནས་ཀྱི་བདུད་བྱུང་ན།། ཡུལ་ལ་ངེས་མེད་མ་ཆགས་པས།། ལྟ་བ་རང་རིག་ཡུལ་མེད་ཕྱིར།། ཞེན་པ་མེད་པའི་ཟིལ་གྱིས་མནན།། ཡོན་ཏན་གཡེང་བའི་བདུད་བྱུང་ན།
144a7 བདག་དོན་མགྲུབ་བཔར་དུ་ཡང་།། མི་དབང་མི་བཏང་དོན་དྲན་པས།། གཞན་དོན་མི་བྱ་ཟིལ་གྱིས་མནན།། འཁོར་ངན་སེམས་འཁྲུག་བདུད་བྱུང་ན།། མཐར་ཐུག་འབྲེལ་པ་མེད་པའི་ཕྱིར།། གནས་སྐབས་འབྲེལ་པ་ཏིང་འཛིན་དགྲ།། གདུང་སེམས་བསྲུངས་པའི་ཟིལ་གྱིས་མནན།
iiif viewer powered by OpenSeadragon
143b - 144b