| | e-texts navigator
|
143b1 བདེ་བ་ལ།། དགའ་བ་བཞི་ལ་ཞེན་པ་ཡིས།། འདོད་ཆགས་སྲེད་པའི་བདུད་ཞུགས་ཏེ།། དེ་མེད་འབྲས་བུ་མི་དབང་བས།། འདོད་ཆགས་སྤྱད་ཀྱང་ཏིང་འདོན་འཕེལ།། བྱེ་ཤུག་ཕོ་མོ་ཀུན་བསོགས་ཏེ།། ཆགས་པའི་བདུད་ཀྱིས་རང་བསླུས་ལྟུང་།། ད་ཡང་རྡོ་རྗེ་སེམས
143b2 དཔའ་ཉོན།། ངེས་པའི་ལུང་ལྡན་རྣལ་འབྱོར་ལ།། མཉམ་དུ་རེ་ནས་འགྲན་པའི་ཕྱིར།། སྨད་སེམས་ཞེ་སྡང་བདུད་ཞུགས་ཏེ།། རང་ཉམས་ངན་པས་གཞན་དག་ལ།། གདམས་ངག་ཅན་ལ་སྐུར་པ་འདེབས།། རྣལ་འབྱོར་ལུང་ལྡན་གནོད་མི་ཚུགས།། དེ་ཕྱིར་དམ་ཉམས
143b3 རང་ཉིད་ལྟུང་།། ཕྱེ་མར་ཚ་བའི་དམྱལ་བར་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངེས་པའི་དོན་ལྡན་རྣལ་འབྱོར་གྱིས།། དེས་དོན་ཡང་དག་བཀའ་ལ་ནི།། གང་ཟག་སྨད་ཕྱིར་སྒྲོ་བཏགས་ཏེ།། མི་ཚིག་ཡིན་ཟེར་འཕྱར་ཁ་གཏོང་།། ང་རྒྱལ་བདུད་ནི་ཁོང་ཞུགས་ཏེ།།
143b4 ཕག་ཏུ་བཅུད་འཇོག་བྱས་བྱེད།། ཞེ་ལ་འདོད་ཅིང་ཆེ་ཆུང་བྱེད།། དེ་ཕྱིར་བདུད་བསླུས་དམྱལ་བར་ལྟུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བདུད་ཀྱི་སྤྱོད་པ་བཅོ་བརྒྱད་ཀྱང་།། སོ་སོར་སྣང་བ་མ་ཡིན་ཏེ།། ལྷ་ཡི་བུའི་བདུད་གཅིག་པུ་ཡིན།། དེ་ཕྱིར་ལྟ་བ་དམན་པའི་བདུད།།
143b5 རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཉམས་ཀྱི་བདུད་བསྟན་པའི་ལེའུ་སྟེ་ཉེར་གསུམ་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། ལྷ་སྒོམ་སྤྱོད་པ་ཉམས་ཀྱི་བདུད།། དེ་དག་ཟིལ་གྱིས་ཇི་ལྟར་མནན།།
143b6 ཀུན་རིག་སྟོན་པས་བཤད་དུ་གསོལ།། ཞུས་པའི་དོན་གསན་བཀའ་སྩལ་པ།། ཕྱི་ནང་ཆོས་རྣམས་རང་བྱུང་སྐྱ།། བདུད་ཉིད་རྟོགས་ན་ཆོས་ཉིད་རང་།། དེ་ཕྱིར་ལུང་ལྡན་བསྟན་ལ་ཞུགས།། རང་སེམས་དོན་རྟོགས་བདུད་མེད་དོ།། དེ་ཡང་འཇུས་པའི་སྙིང་པོ་ཉོན།།
143b7 མནོར་དོན་ལ་བསྒོམ་པའི་ཚེ།། སྣང་བའི་འོད་བདུད་བྱུང་བ་ལ།། ཆོས་སྐུ་ཁ་དོག་དང་བྲལ་ཕྱིར།། གསལ་ལ་མི་རྟག་ཟིལ་གྱིས་མནན།། གྲགས་པ་སྒྲ་ཡི་བདུད་བྱུང་ན།། ཆོས་ཉིད་སྒྲ་དང་བྲལ་བའི་ཕྱིར།། རྗེས་སུ་འབྲང་མེད་རང་བཞིན་ནི།། ལྟ་བའི་རིག་པས་ཟིལ་གྱིས
iiif viewer powered by OpenSeadragon
143a - 144a