| | e-texts navigator
|
142b1 པས།། མམ་བའི་བདུད་ཀྱིས་བསླུས་ཕྱིར་ལྟུང་།། དེ་ཡང་འཁོར་རྣམས་ལེགས་པར་སོམ།། བསྒོམ་པའི་བདུད་ནི་དེ་དག་ཀྱང་།། གདམས་ངག་མེད་པ་རྣམས་ལ་འབྱུང་།། ལུང་ལྡན་རྣམས་ལ་གནོད་མི་ཚུགས།། མ་རྟོགས་ཅི་བསྒོམ་བདུད་དུ་འགྱུར།།
142b2 རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་ཆུད་ལས། བསྒོམ་པ་ཉམས་ཀྱི་བདུད་བསྟན་པའི་མཛ་སྟེ་ཉི་ཤུ་རྩ་གཅིག་པའོ།། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བྱ་བ་འདྲའ་ལོངས་སྤྱོད་བད།། ཉམས་དག་ཞེན
142b3 པ་གནས་ཀྱི་བདུད།། བསླབ་པ་ཡོན་ཏན་གཡེང་བའི་བདུད།། སེམས་དཀྲུགས་འཁོར་ངན་བདུད་རྣམས་འབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དགོན་པར་གནས་ན་དད་ལྡན་འཇུ།། ཕོངས་སྤྱོད་འདུ་འཛིའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གཞན་སེམས
142b4 འཛིན།། དེ་ཚེ་ན་བྲལ་ནོར་རྫས་ཞེན།། བདོད་བློས་མཚན་མའི་ཆོས་ལ་སྤོད།། བསྒོམ་པའི་དོན་པོ་གཡེང་བའི་བདུད།། འཇིག་རྟེན་པ་ལ་ཁ་ལེན་བྱེད།། འཛྲ་མ་བདུན་གྱིས་རང་བསླུས་ལྷུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་འཐད་པ་ཡི་གནས་པ་ནི།།
142b5 བཀྲ་ཤིས་འདྲེ་མེད་ལྷགཉན་ཡོད།། རང་འདོད་ཞེན་པའི་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཉམས་དགའ་བགྱིག།། གཞན་དུ་སྲུང་མས་འགྲོ་དབང་མེད།། ཟེར་ཞིང་བདག་བརྩོན་དོན་དང་བྲལ།། རང་སེམས་ཞེན་པ་བདུད་དུ་ལངས།། གནས་ཀྱི་བདུད་ཀྱིས་རང
142b6 བསླུས་ལྟུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་མཁས་པ་བསྒོམ་འདོད་པས།། གཡེང་བའི་བདུད་ནི་ཁོར་ཞུགས་ཏེ།། གཞན་གྱིས་བསྟོད་པས་ཏིང་འཛིན་བཏང་།། ཆོས་འཆད་སྨན་དང་བཟོ་རྣམས་བྱེད།། འདོད་པའི་རྫས་ལ་ཞེན་པ་སྐྱེས།། གཞན
142b7 དོན་བྱང་ཆུབ་ཡིན་ཟེར་ནས།། བྱ་བ་གཡེང་བ་ཆེད་དུ་བྱེད།། དོན་དང་བྲལ་བས་རང་བསླུས་ལྟུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། རྣལ་འབྱོར་འཁོར་ངན་གདུང་དྲགས་པས།། སེམས་དཟུགས་བདུད་ནི་ཁོང་ཞུགས་ཏེ།། འཁོར་ངན་ཆོག་ཤེས་མེད་པར་འདོད།། དྲིན་དུ་མི
iiif viewer powered by OpenSeadragon
142a - 143a