| | e-texts navigator
|
142a1 ཛྙཱན།། བསླུ་བའི་བདུད་ཀྱིས་རང་བསླུས་ལྟུང་།། ད་ཡང་འདས་པའི་སྟོང་པོ་ཉོན།། ལྟ་བའི་བ་དན་དེ་དག་ཀྱང་།། ཡུལ་ཕྱོག་ལས་མ་ཤེས་ཕྱིར།། སྣང་བ་གཟུགས་སགས་ཞ་པ།། ། ཡུལ་ལས་མས་གྲགས་ཀྱི་སྟོད་བདུད།
142a2 རྫོགས་པ་ཆེན་པོ་དོན་འཇུས་རེག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། རྣལ་འབྱོར་ལྟ་བའི་བདུད་བསྟན་པའི་ལེའུ་སྟེ་ཉི་ཤུ་པ་འོ།། ། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྒོ་ལྔ་བྱིང་བ་གསལ་བའི་བདུད།། དྲན་མེད་རྨུགས་པ་བདེ་བའི་བདུད།
142a3 རྐྱེན་གྱིས་རྒོད་པ་མི་རྟོག་བདུད།། འཕྲོ་བ་མི་གཡོའི་བདུད་རྣམས་དབྱུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཏིང་འཛིན་མྱུར་དུ་འགྲུབ་འདོད་ནས།། ཡུན་རིང་བསྒོམས་པས་ཚད་མ་ཟིན།། མྱོས་པའི་བདུད་ཞུགས་བསལ་བའི་ཕྱིར།། མ་རིག་དབང་གིས་གཉིད་དུ་སོང་།
142a4 གསལ་བབོར་ནས་བྱེང་པོར་སོངལ།། དེ་ཉིད་བཙལ་བས་ཏིང་འཛིན་ཉམས།། མ་བཙལ་རྨི་ལམ་བཟང་ངན་བྱུང་།། དེ་ཕྱིར་བྱིང་བའི་བདུད་ཀྱིས་བསླུས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་རིག་ཆོས་སྐུར་མ་ཟིན་པས།། མ་རིག་དབང་གིས་ཡེ་ཤེས་བསྒྲིབས།། དྲན་པ
142a5 མེད་པའི་བདུད་ཞུགས་ཏེ།། དང་བསྒོམ་རྨུགས་པས་བདེ་བ་ཉམས།། རང་རིག་མེད་པས་ཞི་གནས་བྱིང་།། ལྷག་མཐོང་མེད་པས་དོན་དང་བྲལ།། བསྒོམས་ཀྱང་དོན་མེད་བདུད་ཀྱིས་བསླུས།། དེ་ཕྱིར་ལྗང་ལྡན་མན་ངག་གཅེས།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། གཅིག་པར
142a6 མི་དགའ་འདུས་ལ་དགའ།། གཞན་གྱི་རྒྱན་བྱས་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་ཡིན་མིན་གྱི།། ཡུལ་ལ་ཞེན་པ་སྣ་ཚོགས་ཞེན།། མི་རྟོག་མེད་པར་ཉོན་མོངས་འབྱུང་།། སྤང་སྤད་ཞེན་པ་རང་རྒྱུད་བྱེད།། དེ་སྟེར་གཡེང་བའི་བདུད་ཀྱིས་བསླུས།། ད་ཡང་འཁོར
142a7 གྱི་སྙིང་པོ་ཉོན།། ཡང་ཡང་གོམས་པར་མ་བྱས་པས།། འཕྲོ་བ་རྐུན་བུའི་བདུད་ཞུགས་ཏེ།། གང་ཡང་རུང་བའི་ཆོག་རོ་ཙམ།། ཡིད་ལ་བྱས་པས་མི་གཡོ་བྲལ།། ནན་ཏན་ཆུང་བས་ཉམས་མེད་ཕྱིར།། ལང་ཅན་ཀུན་བུ་ཡང་ཡང་ལྡང་།། ངེས་པའི་གདེང་དང་མི་ལྡན
iiif viewer powered by OpenSeadragon
141b - 142b