e-texts navigator
Collection
Volume
Page
Wylie

141b1 སེམས་དཔའ་ཐུགས་ལ་བའི་ལས་བཟུང་བ་། @། རང་སམས་དཔས་ཡང་གསལ་ག། ཏ་འདུན་ཉམས་དང་ལྡན་པ་པ།། !། མ་སྣ་པ་ཉམས་ཀྱ་བ་དང།། མཉམ་པ་ནལ་ཐོས་པ་གླང་དུ་གསཔ།། དེས་དབུས་པ་འདོན་པསན
141b2 ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ཏིང་འཛིན་ཉམས་དང་ལྡན་པ་ལ།། སྣང་བ་འོད་དང་གྲག་པསྦ།། འདིགས་པ་གཟུགས་དང་བསྲུབ་བརྫུན།། ལྟ་བར་ཤེས་ན་དམ་པའི་ལམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྣལ་འབྱོར་དམ་པ་མཉམ
141b3 བཞག་ཚེ།། མཚན་མོ་མཱན་ནག་སྤྲིན་དུམ་ན།། ནམ་ལངས་ཉི་ཤར་བཞིན་དུ་གསལ།། ཁམས་གསུམ་སེམས་ཅན་དགེ་སྡིག་ལས།། གང་ཡང་མ་ལུས་ས་ཕྱེ་ཤེས།། དེ་ཚེ་སྙིང་རྗེའི་བདུད་ཞུགས་ཏེ།། སེམས་ཅན་སྙིང་པོ་རྡོ་སྙམ་བྱེད།། ཏིང་འཛིན་བཏད་ནས་གཞན
141b4 དོན་བརྩམ།། དེ་ཕྱིར་བདུད་ཀྱི་དབང་དུ་འགྱུར།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ནམ་མཁའ་སྟོང་ལས་སྒྲ་བྱུང་ནས།། བདེ་གཤེགས་ཆོས་རྣམས་སྣ་ཚོགས་སྟོན།། ཞིང་ཁམས་རྒྱུན་གྱིས་བཙུན་པ་དང་།། ཡིད་དུ་འོང་བའི་སྒྲ་ཐོས་ནས།། ཏིང་འཛིན་བཏད་ནས་གྲུག
141b5 བྱེད།། ངོམ་ཞིང་ངོ་མཚར་དགའ་སེམས་སྐྱེད།། དེ་ལ་ཞེན་གྱུར་ཉམས་དང་བྲལ།། དགའ་བའི་བདུད་ཀྱིས་རང་བསླུས་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྒོམ་ཉམས་མེ་ལམ་གང་ཡང་རུང་།། འཇིགས་པའི་གཟུགས་སོགས་མི་དགེ་བས།། དང་ལ་གནས
141b6 ལ་བསྡིག་འགྱུར་བས།། ཏིང་འཛིན་བཏང་ནས་མྱ་ངན་བདུད།། མི་དགའ་སྡུག་བསྔལ་ཉམ་ཐག་འབྱུང་།། དེ་ཚེ་ལས་ལ་ཡི་མུག་སྟེ།། ལྡེའུ་ད་དག་ཅི་གསུང་རག་ཏུ་ངུ།། གཟུགས་ཀྱི་བདུད་དབང་གྱུར་ནས་ལུང་།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཉམས་དང་རྨི་ལ་མ་གང
141b7 དུ་ཡང་།། ཡིད་དུ་འོང་བའི་གཟུགས་བསྟན་ཏེ།། དུས་གསུམ་ཉེས་ལེགས་ཐམས་ཅད་སྟོན།། གཞན་ལ་བསྟན་པས་བདེན་པ་འབྱུང་།། དེ་ཚེང་རྒྱལ་བདུད་ཞུགས་ཏེ།། ཏིང་འཛིན་བཏང་ནས་གྲོང་ཁ་ཡན།། བར་དུ་ཕྱེད་བདེན་ཕྱེད་མི་བདེན།། ཐ་མ་སྨྲ་བ་ཐམས་ཅད




iiif viewer powered by OpenSeadragon

141a - 142a

Texts on this page

Gdg002.2 - rdzogs pa chen po don 'dus rig pa'i gsung rang byung bde ba'i 'khor lo