| | e-texts navigator
|
141a1 བཞིན་ཉིད་དུ་དང་དྲན་པས།། དུས་མཉམགས་ལབས་ཡངྒ་དག་སྟེ།། ད་ལགཉེན་པོས་བཅོས་སུ་མེད།། ཛ་སྠཱ་དང་དགས་པ་བཅོས་པར་འཤད།། ད་ཡང་འདུས་པ་བྱུང་བ་ཉིན།། ཕྲལ་མ་ཐེག་པར་དང་ཤ་ངས།། ཡང་དག་ད།
141a2 ལ་མི་འདིགས་ཕྱིར།། ངོ་བོ་ཉིད་དུ་གྱུར་པས་ན།། དོན་དུ་གཉེར་བ་གང་ཡང་མེད།། སྔ་ཕྱི་གཞན་དུ་གཡོས་མེད་ཕྱིར།། ཆེད་དུ་བསྒོམ་དུ་མེད་པ་སྟེ།། དམིགས་པ་གཏད་པའི་དོན་དང་བྲལ།། དོན་མི་གཉེར་བར་དགྲ་མེད་འདྲ།། དེ་ཡང་འདུས་པས་ཡང་གསོལ་པ།། གཏང
141a3 ཤཱ་མེ་པའི་མ་། ང་ས་ཟུངས་།། རྣམ་ཤཱ་། ཐར་ནན་།། དོད་ཀྱིས་པ་མི་པའོ།། གྲོགས་ཐ་ས་པ་ན་གས།། བན་མི་དྲན་གས་པ
141a4 ཀུན་རིག་ཆོས་རྗེས་བཀའ་སྩལ་པ།། དུས་གསུམ་རྣམ་པ་ཐམས་ཅད་དུ།། སྐྱེ་ཤི་མེད་པར་ཡེ་ཤར་པས།། སྣང་མེད་ཞེན་ཏོག་ཐམས་ཅད་ཀྱང་།། གང་ཡང་ཆོས་སྐུར་གསལ་བ་ལ།། གཏང་བཞག་རྩོལ་སེམས་ཅི་ལ་འབྱུང་།། གཞན་དུ་མི་འགྱུར་ཀློང་གནས་པས
141a5 མི་མཐུན་མཚན་མ་གང་ཡང་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དབྱིབས་དང་མཚན་མ་ཐམས་ཅད་ཀུན།། གཞི་ལ་མ་གྲུབ་དོན་ཤེས་ཕྱིར།། རང་གསལ་ཡུལ་ལ་རྟོག་པ་མེད།། དག་དང་མ་དག་ཐམས་ཅད་ཀུན།། གང་ཡང་དགག་བསླབ་མེད་པའི་ཕྱིར།།
141a6 བཞག་དང་བླང་བར་ཡོངས་མེད་དོན།། འབྱུང་འཇུག་མེད་པར་བསྒོམ་མི་དགོས།། རྩོལ་བ་མེད་ཕྱིར་སྤྱོད་པའི་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། བདག་གཞན་ཀ་ནས་མ་གྲུབ་ཕྱིར།། བྱ་བྱེད་མ་བུས་ཐམས་ཅད་ཀུན།། འགྲོ་དྲུག་ལས་དང་བདེ་ག་ཤེགས་མཛད།།
141a7 ཅི་སྤྱོད་ཆོས་སྐུར་ཡེ་ཤར་བས།། གང་ཡང་མཚན་ཉིད་དབྱེར་མེད་དེ།། བྱེད་པ་ཉིད་ནས་གྲོལ་བར་བྱེད།། བླང་དང་དོར་བར་ངང་གིས་མེད།། དེ་ཡིས་འཆིང་བར་ཅི་ལ་འགྱུར།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས།
iiif viewer powered by OpenSeadragon
140b - 141b