e-texts navigator
Collection
Volume
Page
Wylie

13a1 སྔད་ཞེན་པ་ཡང་ཀྱི་གལ།། བཙན་པར་མི་འགྱུར་ཉམས་པ་ཡིས།། ནིད་བུས་རྒྱལ་སྲིད་པ་སྒོམ་པ་འདྲ།། ད་ཡང་རྡོ་རྗེ་སེམས་དཔའ་སྟོན།། ཆོས་རྣམས་སེམས་སུ་བསླུས་ནས་ནི།། སེམས་ཙམ་ལྡན་གཞའ་རྟོག་པས།། གང་ཆག་གས་དང་།
13a2 སྐད་ཅིག་འདོད།། རེག་པ་རང་རྒྱལ་གྲངས་ཅན་གོལ།། རྟག་དང་ཁྱད་མེད་སྒྲོ་འདོགས་ནོར།། ཆོས་སྐུ་རང་རིག་འགྱུར་བ་མེད།། དབུ་མ་པ་ཡི་འདོད་གཞུང་དེ།། ངོ་བོ་དངོས་མེད་གཞི་བྱས་ཏེ།། ཡུལ་སེམས་གཞིག་པ་སྟོང་པར་འཁྲུལ།། ཅི་ཡང་མེད་པའི་སྐྱེ་མཆེད
13a3 ལྗང་།། ཚད་དང་ཁྱད་མེད་སྟོང་པར་འཁྲུལ།། སྟོང་ཞེས་རང་བྱུང་ཆོས་སྐུ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། སེམས་ཙམ་དབུ་མའི་མཚན་ཉིད་དེ།། ཀུན་རྫོབ་དང་ནི་དོན་དམ་དུ།། སོ་སོར་རྟོག་པའི་ཤེས་རབ་ཀྱིས།། བདེན་པ་གཉིས་གཉིས་དོན་དག་ཏུ།། ཀུན
13a4 རྫོབ་སྒྲ་མ་ཙམ་དུ་ཤེས།། དོན་དམ་སྨོས་དང་བྲལ་བ་ལ།། མི་དམིགས་ནི་གནས་ལྷག་མཐོང་དུ།། རྩེ་གཅིག་སེམས་ཀྱིས་ཏིང་འཛིན་བསྒོམ།། སྤྱོད་དེ་སྙིང་རྗེས་གཞི་བཟུ་ནས།། ཕ་རོལ་གྱིན་བརྟུལ་མ་ལྔལ།། སེམས་བསྐྱེད་གཞན་དོན་ཆེད་དུ་བྱེད།། བདག
13a5 གཞན་སྒྱུ་མ་ཙམ་དུ་འཛིན།། འབྲས་བུ་ངེས་པར་འདོད་པ་ནི།། ཀུན་རྫོབ་སློབ་སྤངས་དོན་དམ་གྱིས།། བདེན་པ་མཐོང་བ་ཆེད་དུ་བྱེད།། གཅིག་བོར་ནས་ནི་གཅིག་ཚོལ་བ།། ཆུ་བཞག་ཟླབ་ངོས་འདོན་འདྲ།། ང་ཡང་འདུས་པའི་སྙིང་པོ་ཉོན།། ཐམས་ཅན
13a6 རྒྱ་བ་གཅིག་པའི་ཕྱིར།། རང་རིག་སེམས་ཀྱི་སྙིང་པོའི་དོན།། ཟབ་ལ་རྒྱ་མེ་མི་ཤེས་པར།། བསུམ་མེད་དག་ཏུ་གང་འཇོག་པའི།། བྱིས་པ་དེ་ནི་བླན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་ལྷུང་།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ
13a7 དང་མཉམ་པའི་དྲུད་ལས། ཟླུམ་ཅ་ད་ཀྱི་ལྷབ་བསྙེན་པའི་ལེའུ་སྡེ་བཟུང་འོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན་རེག་ཏོན་བས་བཀའ་སྩལ་པ།། བྲུ~ཾ་མ་གྲི་ཡོག་ནམ་གསུམ་ནི།། ནམ་མཁའ་བླག་ཏུ་དཔེ་བཞིན་དུ།། དག་ས་ཅོམ




iiif viewer powered by OpenSeadragon

12b - 13b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa