| | e-texts navigator
|
139b1 ཆོས་ཀྱི་སུ།། བག་ཆགས་མ་དཔས་ཡུལ་དང་ཐལ།། ད་ལྟ་ཉིད་དུ་རང་བྱུང་སུ།། དངོས་མེད་ནམ་མ་པའི་མཐའ་དང་བྲལ།། ཤེས་རིག་གས་ལ་བས་ཁྱད་པར་འཕགས།། དཔ་འགྲན་ཟླ་གང་ཡང་མད།། རྟགས་པ་ཡོན་ཏན་བརྗོད་མ་ལངས།། ད་ཡང་དང་སེམས་དཔ
139b2 ཉོན།། རང་སེམས་རིག་པ་རང་བྱུང་དེ།། ཡེངས་མེད་དོན་ཤང་བྱང་ཆུབ་ཐུགས།། སྤྱི་མཐུན་ཉི་མ་སྟོང་བས་གསལ།། དེ་ཉིད་རྟོགས་པས་བསྒོམ་མི་དགོས།། ཡེ་ཤེས་རིག་པ་གསལ་བ་ལ།། མ་རིག་ཕྲན་པ་གདོད་ནས་མེད།། བག་ཆགས་ཉོན་མོངས་རྩད་ནས
139b3 བརླག། དགོངས་པ་སངས་རྒྱས་ཀུན་དང་མཉམ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་རྒྱ་མཚོ་རླབས་སུ་བྱུང་།། དེ་བཞིན་དོན་རྟོགས་སྤྱོད་པ་ཡང་།། འབྲལ་མེད་རིག་པའི་ཡེ་ཤེས་ཀློང་།། དུས་བཞི་དུམ་ཤེས་རྒྱུན་མི་འཆད།། དོན་འདི་རྟོགས་པའི་སྤྱོད་པ་དེ།། །
139b4 ཚོགས་བསགས་སྒྲིབ་སྦྱངས་བཅུ་པས།། སྐད་ཅིག་འདི་དྲན་ཁྱད་པར་འཕགས།། ལུས་ངག་རྩོལ་མེད་རིག་སྤྱོད་བདེ།། ད་ཡང་འཁོར་གྱི་སྙིང་པོ་ཉོན།། རང་རིག་འབྲས་བུ་རང་ལ་ཆེ།། གཟུགས་དང་བྲལ་བས་སྐྱེ་ཤི་རེད།། རང་ལས་བྱུང་བས་ཡེ་ཤེས་སྐུ།། ཡུལ་མེད
139b5 རིག་པ་མངོན་སངས་རྒྱས།། འདི་རྟོགས་འབྲས་བུ་ལྷུན་གྲུབ་དེ།། བསྡམ་པ་ཙམ་གྱིས་ཀུན་འགྲུབ་སྟེ།། མཆིང་བུ་རིན་ཆེན་ཁྱད་པར་ལྟར།། སྐྱེ་བ་མི་ལེན་མངོན་སངས་རྒྱས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་རྟོགས་མེ་ཟད་རིན་ཆེན་གཏེར།། དེ་ཡི་འབྲས་བུ
139b6 ཡོན་ཏན་ནི།། གཟུགས་མེད་རིག་པ་ང་ཡི་སྒྲ།། ཐ་མལ་རང་སེམས་ང་ཡི་ཐུགས།། སྟོང་ཉིད་དྲན་པང་ཡི་གསུང་།། རིག་པའི་ཡོན་ཏན་གང་ཡང་འགྲུབ།། ཡེ་ནས་ཕྲིན་ལས་རང་བྱུང་བས།། རིག་པ་སྤོས་བྲལ་ཆོས་སྐུར་རྫོགས།། དེ་ཡང་འདུས་པའི་འཁོར་རྣམས
139b7 ཉོན།། འགྱུར་མོད་ལྷུན་གྱིས་གྲུབ་པའི་གཞི།། ཆོས་ཉིད་དེ་ཆེན་གྲོང་ཡངས་ལས།། སྤྱི་ཤི་མེད་པའི་འབྲས་བུ་ལྗིན།། དེ་དག་གཅིག་ཕྱིར་རྒྱལ་བའི་ཐུགས།། གསེར་གླེངས་དོམེ་པ་བཞིན།། སེམས་ཅན་དུས་ནསེསངས་རྒྱས་ལ།། ཡོན་ཏན་མཚན་དང་ང་བ་པྱད་པ
iiif viewer powered by OpenSeadragon
139a - 140a