| | e-texts navigator
|
134b1 དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སྟོན་པས་བཀའ་སྩལ་པ།། ས་ཡེ་དབྱེ་བ་རྟེན་དང་དཔེ།། རྩལ་གྱི་སྒོ་ནས་བཞི་རུ་བསྟན།། ཕ་རོལ་ཕྱིན་བཅུས་དང་སྦྱར།། ངེས་པའི་ཡོན་ཏན་རྫོགས་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ས་ནི་དང་པོར་བ
134b2 དགའ་བ།། རྟེན་ནི་སྦྱིན་པའི་ཕ་རོལ་ཕྱིན།། དཔེན་མི་ཟད་གཏེར་དང་འདྲ།། རྩལ་ནི་མ་སྦྱངས་ཟིལ་གྱིས་གནོན།། ས་ནི་གཉིས་པ་དྲི་མེད་ལ།། རྟེན་ནི་ཚུལ་ཁྲིམས་ཕ་རོལ་ཕྱིན།། དཔེ་ནི་རིན་ཆེན་སུ་གུ་འདྲ།། རྩལ་ནི་རང་རིག་ཡེ་ཤེས་གསཔ།། ད་ཡང་འདུས་པའི
134b3 སྙིང་པོ་ཉོན།། ས་ནི་གསུམ་པ་འོད་འཕྲོ་བ།། རྟེན་ནི་བཟོད་པའི་ཕ་རོལ་ཕྱིན།། དཔེ་ནི་རྒྱ་མཚོ་ཆེན་པོ་འདྲ།། རྩལ་ནི་ཉོན་མོངས་རྩད་ནས་བརླབ།། ས་ནི་བཞི་པ་འོད་བྱེད་པ།། རྟེན་ནི་བརྩོན་འགྲུས་ཕ་རོལ་གྱིད།། དཔོན་རྡོ་རྗེ་ཕ་ལམ་འདྲ།། རྩལ་ཏེ་བག་ཆགས་ཞེན་པ་འཇོམས
134b4 ས་ནི་ལྔ་པ་སྦྱང་དཀའ་བ།། རྟེན་ནི་བསམ་གཏན་ཕ་རོལ་གྱེན།། དཔེ་ནི་དི་བོ་ལྷུན་པོ་འདྲ།། རྩལ་ནི་གྱི་དགོད་སྐྱོན་དང་བྲལ།། ས་ནི་དྲུག་པ་མངོན་གྱུར་ལ།། རྟེན་ནི་ཤེས་རབ་ཕ་རོལ་ཕྱིན།། དཔེ་ནི་མ་ཀི་སྨན་དང་འདྲ།། རྩལ་ནི་རང་རིག་ལྷག་མཐོང་རྟོགས།། དེ་ཡང་རྡོ་རྗེ
134b5 སེམས་དཔའ་ཉོན།། ས་ནི་བདུན་པ་རིང་སོང་བ།། རྟེན་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་དགེ་བའི་བཤེས་གཉེན་འདྲ།། རྩལ་ནི་དུག་ལྔ་སྨན་དུ་འགྱུར།། ས་ནི་བརྒྱད་པ་མི་གཡོ་བ།། རྟེན་ནི་སྨོན་ལམ་ཕ་རོལ་གྱིན།། དཔེན་ཡིད་བཞིན་ནོར་བུ་འདྲ།། རྩལ་ནི
134b6 འཇིག་རྟེན་ཆོས་བརྒྱད་བྲལ།། ས་ནི་ལེགས་པའི་བློ་གྲོས་ལ།། རྟེན་ནི་སྟོབས་ཀྱི་ཕ་རོལ་ཕྱིན།། དཔེ་ནི་ཉི་མའི་སྙིང་པོ་འདྲ།། རྩལ་ནི་ལོག་ལྷ་དབྱིངས་སུ་གྲོལ།། ས་ནི་བཅུ་པ་ཆོས་ཀྱི་སྤྲིན།། རྟེན་ནི་ཡེ་ཤེས་ཕ་རོལ་ཕྱིན།། དཔེ་ནི་ཚངས་པའི་དབྱངས་དང་འདྲ།། རྩལ
134b7 ནི་སྒྲིབ་དག་ཐམས་ཅད་མཁྱེན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཕ་རོལ་ཕྱིན་བཅུ་ཡང་།། ངོ་བོ་ཐིག་ལེ་གཅིག་ཏུ་འདུས།། གདུལ་བྱར་རིམ་པ་བཟུར་ནི་བསྟན།། ཡང་དང་། ངོ་བོ་ཡེ་ཤེས་ཉིད།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི
iiif viewer powered by OpenSeadragon
134a - 135a