e-texts navigator
Collection
Volume
Page
Wylie

132b1 སྨན་ར་ལ་དྲ།། རྔ་སྨད་པས་ཀྱང་དན་འང་སྟེ།། ངན་ན་མེད་འབྲས་བུ་སྟེ།། རང་བྱུང་དུ་མ་སྦྱར་པ་ཡང།། དབྱར་མ་བྱད་ནམ་འག།། སྐྱེ་ཤི་མེད་པ་དི་རྗེ་འཆང་།། དེ་ནནམ་མཁའི་རང་བཞིན་ཏེ།། བགཆགས་མ་ངཏསས་སུ་མེད།། གཟུགས་མེད་ཡེ་ཤ
132b2 ལ།། རླུང་མེད་མེ་ནི་ཅི་པས་བྱུང་།། དེ་ཕྱིར་ངོ་བོ་ཉིད་ཀྱི་སྐུ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། རང་བྱུང་ངོ་བོ་ཉིད་ལ་ནི།། རྒྱུ་རྐྱེན་མ་སྐྱེས་ཡང་དག་ཡོད།། སྤྲོ་སྐུར་བྲལ་བའི་རིག་པ་ལ།། འཕེལ་འདྲི་བ་མེད་པར་རྒྱུན་དུ་གནས།། ཡང་དག་བྱང་ཆུབ་སྙིང་པོ་ལ།། ཐོབ
132b3 པ་མེད་ཅིང་སྤང་བ་མེད།། འཁོར་འདས་གཉིས་ཀྱི་འཛིན་པ་དེ།། ཐ་སྙད་ཡིན་གྱིས་དོན་དུ་མེད།། ཆོས་སྐུའི་མཚན་ཉིད་རྣམ་པར་དག། བདག་མེད་ཆོས་ལ་སྐྱེ་ཤི་མེད།། ངོ་བོ་ཉིད་ལ་བསྒོམ་མི་དགོས།། ཡོད་མེད་ཡུལ་གྱི་མཐའ་ལས་འདས།། དེ་དོན་རང་བཞིན་འོད
132b4 གསལ་བས།། གདོད་ནས་དག་པས་ནམ་མཁའ་འདྲ།། རྫོགས་པ་ཆེན་པོ་དོན་འདུས་རིག་པའི་གསུང་། རང་བྱུང་བདེ་བའི་འཁོར་ལོ་ལས། སྣང་མེད་དོན་གྱི་གནས་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། རྡོ་རྗེ་སེམས་དཔའ་ཡང་ཉོན་ཅིག། རང
132b5 རིག་རྩ་བ་ཆོས་སྐུ་ལ།། ཡོན་ཏན་ལྷག་མ་མེད་པར་རྫོགས།། རང་བྱུང་སངས་རྒྱས་ཡེ་ཤེས་སྐུ།། མ་སྐྱེས་ཡོངས་སུ་གྲུབ་པའི་ལྷ།། ཆོས་རྣམས་ཀུན་གྱི་འབྱུང་གནས་ཏེ།། ངོ་བོ་དམིགས་མེད་བརྗོད་ལས་འདས།། ཡང་དག་ལྟ་བ་མཐར་ཕྱིན་པས།། ཕ་རོལ་ཕྱིན་པ་ཡེ
132b6 ནས་གནས།། སངས་རྒྱས་ཀུན་གྱི་སངས་རྒྱས་ལ།། འགྲོ་བ་ཡོངས་ཀྱི་ཁ་ལོ་བསྒྱུར།། བསྐྱེད་པ་མེད་པའི་འབྲས་བུ་ལ།། བྱས་པ་མེད་པའི་ཆོ་འཕྲུལ་འགྱུང།། ཐམས་ཅད་འབྱུང་བ་ང་ཡི་རྩལ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དོན་ལ་འགྱུད་མེད་བལྟ་བའི་གཞི།། ཡུལ
132b7 ལ་མི་ལྟོས་རང་བྱུང་སྐུ།། ཡེ་ཤེས་ནམ་མཁའི་མཐའ་དང་མཉམ།། གཞི་ལ་འགྱུར་མེད་བྱང་ཆུབ་སེམས།། སྐྱོན་གྱིས་མི་གོས་དྲན་པ་ལ།། འཕོ་འགྱུར་མེད་པ་གདལ་བའི་སྐུ།། མི་སྐྱེ་མི་འགག་རང་རིག་ཀློང་།། བསྒོམས་པས་མི་རྙེད་འགྱུར་མེད་ཕྱིར།། འབྲལ་མེད།




iiif viewer powered by OpenSeadragon

132a - 133a

Texts on this page

Gdg002.2 - rdzogs pa chen po don 'dus rig pa'i gsung rang byung bde ba'i 'khor lo