e-texts navigator
Collection
Volume
Page
Wylie

131a1 རྒྱ་གར་སྐད་དུ། སན་དྷི་མ་ཧཱ་ཨརྠ་ས་མུ་དྲཱ་ཡ་བིདྷཱཀྵ་ཡམྦྷ་ཁ་ཙཀྲ་ཏཏྟྭ་ནཱ་མ། བད་སྐད་དུ། རྫོགས་པ་ཆེན་པ་དོན་འདུས་རིག་པའི་གསུང་དང་བྱུང་བདེ་བའིའ་འཁོར་ལོ་ཞེས་བྷ་བ། བཅོམ་ལྡན་འདས་དཔལ་རང་བྱུང་དག་པའི་རྒྱལ་པོ་ཡེ་ཤེས་ཀྱི་སྒྲ་དང་ལྡན།
131a2 པ་དེ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས་གཅིག་ན།། ངོ་བོ་ཉིད་རྟོགས་ཀུ་ནི་བཟང་དེ།། བདེ་གཤེགས་འོག་མིན་གནས་མཆོག་ཏུ།། དེགས་ལྔའི་རྒྱལ་བ་ལ་སོགས་ལ།། རང་བྱུང་ཆོས་སྐུའི་བྱིན་རླབས་བཤད།། དེ་ཚེ་སེམས་དཔས་དོན་རིག་ནས།། གཙང་རིས་ལྷ་ཡི
131a3 གནས་ཆེན་ཏུ།། བརྩེར་དགོངས་དུས་ལ་བའགྱུར་ནས།། རིག་འཛིན་སེམས་དཔའི་འཁོར་རྣམས་ལ།། དེས་དོན་རང་གི་ངོ་བོས་བཤད།། དེ་དུས་ཕྱོགས་བཅུའི་སངས་རྒྱས་ལ།། སྤྲུལ་པའི་རིག་འཛིན་སེམས་དག་གིས།། ཞུ་བ་ཞུས་ནས་ཐེ་ཚོམ་བཅད།། ངེས་རྙེད་མངོན་དགའི
131a4 ཕུག་ཏུ་ཞུགས།། དེས་སྦྲུལ་ཤཱཀ་ཐུབ་སྤྲུལ་བ་ཡིས།། འཛམ་གླིང་བདེ་ལྡན་གནས་དག་ཏུ།། ད་ལྟ་དུས་ཀྱི་དེངས་ངན།། གསང་བདག་སྤྲུལ་པ་དང་ཉན་ལ།། སྡེབ་སྒོར་ལེགས་པའི་ཚིག་ཏུ་གསུངས།། དེ་ཡང་སྟོན་པའི་འཁོར་རྣམས་ཉོན།། སྐད་ཅིག་ཡུད་ཙམ་ཐང་གཅིག་ལ།། གདུལ
131a5 བྱ་འཁོར་བ་ཐ་དད་ཀྱང་།། དུས་གསུམ་གཅིག་སྟེ་ཁྱད་མེད་ཕྱིར།། རིམ་པར་འབྱེད་མེད་ངོ་བོ་གཅིག། དེ་སྐད་གསུངས་པའི་དོན་གོ་ནས།། སྐལ་ལྡན་འདུས་པ་རྣམས་ཀྱིས་ཀྱང་།། གུས་ཉན་དད་པ་རྩེ་གཅིག་ཏུ།། དད་ཅིང་གུས་པའི་ཡིད་ཀྱིས་འཁོད།། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས
131a6 པའི་འཁོར་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། བདེན་པ་དེ་ཡིད་ཀྱིས་འདི་སྐད་གསོལ།། ངེས་དོན་བཤད་ངུས་གང་ལ་བབ།། སྣོད་ཀྱི་རིམ་པ་གང་ལ་བསྟན།། ཚིག་དང་ཡི་གེར་ཇི་ལྟར་མཚོན།། ཀུན་རིག་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན
131a7 གསན་ནས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ལེགས་སོ་དང་ལྡན་འཁོར་རྣམས་ཉོན།། དེ་དོན་ངས་བཤད་ཡིད་ཀྱིས་ཟུང་།། དུས་ཀྱི་ཟམ་ལྡ་བརྒྱ་ན།། མནའ་ཐ་ཁྲིམས་འཆལ་དམ་ཉམས་འབྱུང་།། མཚོན་དང་མུ་གེས་ཚེ་ཐུང་ངུས།། རྫོགས་ཆེན་སྙིང་པོ་དེར་བཤད་བྱ།




iiif viewer powered by OpenSeadragon

130b - 131b

Texts on this page

Gdg002.2 - rdzogs pa chen po don 'dus rig pa'i gsung rang byung bde ba'i 'khor lo