e-texts navigator
Collection
Volume
Page
Wylie

130b1 ཀྱང་།། བསྟན་སྐུ་མེད་ཕྱིར་ཕྱིས་བསྟན་ཟེར།། རབ་མེད་གདམས་དགྲ་གཞན་འཚོལ་འགྲོ།། མ་རྙེད་འཕྱར་ཀ་སྟོང་ཞིང་འཕྱ།། རྙེད་ན་བསྟན་གྱིས་ནོར་ཕུལ་ཟེས།། ཀུན་བསླུས་སུན་བཏོན་ཆོས་དང་བྲལ།། གཅིག་བསྡུས་སེམས་ཅན་བརྒྱ་བསད་པས།། སྡུག་པ་ཤིན་ཏུ་ཆེ་བ་ཡིན།། དེ་ཕྱིར
130b2 རང་འདོད་ཆོས་མི་བཤད།། ད་ཡང་འདུས་པའི་སྙིང་པོ་ཉོན།། ལན་གཅིག་དུས་ཀྱི་དེང་སང་ན།། སྤྱོད་ལྡན་ཀུན་ལ་ཆོས་འདི་གསུངས།། དེ་ཚེ་ཐེག་དམན་སྒོ་སྐུར་འདེབས།། རང་གིས་རང་བསས་འཁོར་བར་ལྟུང་།། ད་ཡང་འདུས་པའི་འཁོར་བ་ཉོན།། འདི་ལ་སྟོན་ཅིང་འཛིན་པ་ལ།། སངས
130b3 རྒྱས་རྣམས་ཀྱི་བྱིན་གྱིས་རློབས།། རིག་འཛིན་རྣམས་ཀྱིས་ཐུགས་རྗེ་བསྒྲེང་།། མཁའ་འགྲོ་རྣམས་ཀྱིས་བར་ཆད་བསྲུངས།། བསོད་ནམས་མི་ཟད་གཏེར་དང་མཇལ།། ཕྱི་མའི་འབྲས་བུ་དུས་འདིར་སྨིན།། ཀུན་ཏུ་བཟང་པོས་དེ་སྐད་བཤད།། རྫོགས་པ་ཆེན་པོ་དེས་དོན
130b4 ས་ཡིས་སྐྱེས་པ་པ་ང་མ་ས་ག་ཀྱང་གཟུང་ད་བ་པ་རྒྱུ་སན་ག་མས་། སྒྲུབ་ས་ས་མ
130b5 སྒོམ་པ་ཐམས་ཅད་ཀྱི་འབྲལ་མེད། སྤྱོད་པ་ཐམས་ཅད་ཀྱི་ལ་ཟློ། དམ་ཚིག་ཐམས་ཅད་ཀྱི་བསྲུང་མཚམས། འབྲས་བུ་ཐམས་ཅད་ཀྱི་ཡང་སྙིང་། ཐེག་པ་ཐམས་ཅད་ཀྱི་ཟི་ལ་གནོན། ཤེས་རབ་ཐམས་ཅད་ཀྱི་རྒྱང་ཤིང་། དམན་པ་རྣམས་ནི་སྐྲག་པར་བྱེད་པ། ཡེ་ཤེས་ནམ་མཁའ་དང
130b6 མཉམ་པའི་ལྕི་ཆུད་རྫོགས་སོ།། །། རྣ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལོ་ཙཱབ་གཉགས་ཛྙཱན་ཀུ་མཱར་དྲན་པའི་ཡེ་ཤེས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ཉར་ཏིང་འཛིན་བཟང་པོས་ལྕགས་སྒྲོམ་ནག་པོའི་ནང་དུ་བྲམ་ཟེའི་ཆུང་དྲུག་གདམས་ངག་དང་བཅས་པ། བས་སྒོམ
130b7 སྟུག་པོར་བཅུག། དབུ་རུ་རྡོ་རྗེའི་རྫ་གཟོང་ཕུག་མོའི་བྲག་ལ། མཁའ་འགྲོ་མརྡོརྗེ་སྤྱན་གཅིག་མ་དང་། བཛྲ་སྭ་ཏུ་ལེགས་བརྩལ་ལ་གཏད། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་རིན་པོ་ཆེ་གསེར་ཀྱི་དྲལ་ཤིང་ཅན་འདི་གཏད་ནས་སྦས་པའིའབྲོ་མ་ཡེ་ཤེས་སྙིང་པོས་བཏོན།




iiif viewer powered by OpenSeadragon

130a - 131a

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa