| | e-texts navigator
|
12b1 ཡི་འབྲས་བུ་ངེས་པར་ནི།། སེམས་ཀྱི་རྩ་བ་མ་ཤེས་པས།། འབྱུང་ཆེན་གཏོས་ཀྱི་མུན་པ་བཞིན།། ཐུགས་རྗེའི་ཉི་ཟེར་ཞགས་ཐག་ཆད།། དམྱལ་བའི་འབྲས་བུར་ཐེ་ཚོམ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས།།
12b2 མུ་སྟེགས་ཀྱི་འཁྲུ་ལ་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཐེག་པའི་རིམ་པ་བཀའ་སྩལ་པ།། གཞི་ནི་ངོ་བོ་ཉིད་སྐྲ་དེ།། མཐུན་དཔེ་མེ་ལོང་ལྟ་བུ་ལ།། གཟུགས་བརྙན་ཐེག་པ་རིམ་དགུ་བྱུང་།།
12b3 ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དོན་རྣམ་པར་ཕྱེ་བ་ནི།། དང་པོ་ཉན་ཐོས་ལྟ་བ་ཡང་།། མདོ་སྡེ་པ་དང་བྱེ་བྲག་པ།། གང་ཟག་བདག་མེད་ཆོས་བདག་ཡོད།། ཡུལ་ལ་དངོས་པོར་འཛིན་ཕྱིར་གོ་ལ།། དེ་ཡང་འཁོར་གྱི་སེམས་དཔའ་ཧོན།། སྣང་བ་ཕྲ་རགས
12b4 ཡུལ་གྱི་གཞི།། ཆོས་ལ་བདག་ཏུ་འཛིན་པ་ཡོད།། ཞི་བ་ཕྱོགས་གཅིག་བྲེར་མི་འཐོབ།། ལྷག་མཐོང་མེད་ཕྱིར་སྐྱེ་བོ་རང་།། དོན་རྟོགས་ཡུལ་འདི་ཆོས་ཀྱི་དབྱིངས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བདེན་པ་བཞི་ཡི་སྒོར་ཞུགས་ནས།། དབུགས་ལ་སེམས་ཞུགས
12b5 འགོག་པར་བསྒོམ།། སྔོན་གྱི་བསྟན་པ་ལ་ཞུགས་ནས།། ད་ལྟའི་བསྟན་ལ་མཉམ་པར་བཞག། ད་ལྟའི་བསྟན་པ་ལ་ཞུགས་ནས།། མཁན་སློབ་སྡོམ་པའི་ཁྱད་པར་གྱིས།། དེ་དོགས་སྤྱོད་པ་ཆེད་བྱེད་པའི།། དཀའ་ཐུབ་ལུས་གདུང་བཟོད་པ་ཡི།། སེམས་ཀྱིས་ལུས་ངག་བརྩོན་དུ།
12b6 བཟུང་།། མ་འོངས་སྨོན་ལམ་རྗེས་འདེབས་ཀྱང་།། རྡུལ་དང་ཤེས་པ་གཉིས་འདོད་པས།། གླང་ཆེན་འདམ་དུ་བྱེད་པ་ལྟར།། ལུས་དག་ལས་ཀྱི་རྩོལ་བ་ཡིས།། འབྲས་བུ་མི་ཐོབ་སྙིང་རྗེའི་གནས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བླ་མ་དག་ལ་མི་བསྟེན་པར།། རང་སེམས་དོན་ལ་བློ་སྦྱང
12b7 ཕྱིར།། རྟེན་འབྲེལ་ཕྱེ་ནང་རྩད་བཅད་ནས།། ཡུལ་རྣམས་ཕྱོགས་ཆ་བཅད་གཞི་གནས།། བསེ་རུ་ཁཱ་སྡེང་དཔེ་བཞིན་དུ།། སྒོ་ལྔ་མི་འགག་རྒྱུ་བ་འགེག། རྗེས་འབྲེང་མེད་པ་ཙམ་དུ་བསྒོམ།། ནན་བསྒོམ་ཡིན་ཕྱིར་དོན་དང་འགལ།། སྟོང་པ་ཉིད་ལ་རྟེན་འཆའ་བས།། སྲང
iiif viewer powered by OpenSeadragon
12a - 13a