e-texts navigator
Collection
Volume
Page
Wylie

12a1 ཀྱིས་འགྱུར།། དེ་ཕྱིར་དོན་མེད་བག་ཆགས་རྟག། འཁྲུལ་པ་ཡིན་མིན་འདུས་བྱས་ཡིན།། དེ་ཕྱིར་འགྱུར་བ་གཞི་ཞེས་བྱ།། རང་སེམས་ཁ་དོག་དབྱིབས་ཡོད་རྟག། དེ་ཕྱིར་བདག་ལ་སྐྱེ་འཆི་མེད།། རྒྱན་དུ་རྟག་པས་རང་བྱུང་སེམས།། དཔེ་ནི
12a2 ཐམས་ཅད་བྱས་ཤིང་སྐྱེད།། དེ་ལས་བྱུང་བའི་ཡིད་རྟག་པ།། སྔོན་བྱས་དྲན་ཕྱིར་བག་ཆགས་རྟག། ཡོན་ཏན་བསླབ་པ་ཀུན་ཤེས་པས།། དེ་ཕྱིར་ཡིད་ནི་རྟག་ཅེས་བྱ།། དུས་གསུམ་རྣམ་པ་ཐམས་ཅད་དུ།། ཉི་མ་འཆར་ནུབ་རྟག་པའི་ཕྱིར།། བདག་ཀྱང་དུས་གསུམ་མི
12a3 འགྱུར་རྟག། དེ་ཕྱིར་ཕྱོགས་བཞི་མཚམས་བཞི་ཡང་།། ཡེ་ནས་མི་འགྱུར་རྟག་པར་ངེས།། དེ་ཕྱིར་རང་སེམས་བདག་གིས་ཀྱང་།། གནས་སྐབས་འགྱུར་ཡང་གཞི་མི་འགྱུར།། དུས་ནི་མི་འགྱུར་རྟག་པ་ཡང་།། དཔྱིད་དུས་སྟོན་དུས་མི་འགྱུར་དང་།། དགུན་ནི་དབྱར་དུ་མི་འགྱུར
12a4 ཕྱིར།། དུས་ནི་རྟག་པ་ཆེན་པོ་བཟུང་།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལྟར་འདོད་པའི་འཁྲུལ་པ་ཡིས།། རྒྱུ་འབྲས་ལོག་པའི་བརྟུལ་ཞུགས་ཀྱིས།། ཐང་ལམ་མི་ཐོབ་འཁོར་བར་ལྷུང་།། མར་འདོད་བྱེ་མ་བཙིང་བ་བཞིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཡེ་མེད་ཆད
12a5 པར་འདོད་པ་ནི།། ཁ་དོག་དབྱིབས་མེད་ཆད་གཞི་བྱས།། སྔ་ཕྱི་ཆུ་འབྲས་མེད་པར་འཁྲུལ།། ཡུང་བཏང་དམྱལ་བ་ཆེན་པོར་ལྟུང་།། ཆད་དུ་མ་སྟེར་རིག་པར་ཡོད།། དེ་ཕྱིར་གཞི་ལ་གོལ་མེད་པས།། རང་གྱུར་ཡེ་ཤེས་ཀློང་ན་གནས།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཕུང་པོས
12a6 བསྡུས་པའི་ཆོས་རྣམས་ཀུན།། དང་པོ་ཡེ་མེད་སྟོང་པ་ལས།། གློ་བླར་ཟིལ་ཙམ་ཕྲ་དགས་སྟོད།། དེ་ལས་ཡིན་སེམས་ཆ་ཐ་བྱུང་།། རྒྱུ་རྐྱེན་དག་ལས་བྱུང་བ་སྟེ།། བྱུང་ཡང་འབྱུང་བ་བཞི་ལས་བྱུང་།། ལས་ཀྱི་ཆུ་འབྲས་མེད་པར་ནི།། འབྱུང་བ་ལྔ་ཞིག་རང་ཐེམ་ནས།། མེ
12a7 གི་ཟིལ་བ་རླུང་ཁྱེར་འདྲ།། ད་ཡང་འཁོར་གྱི་སྙིང་ན་ཉན།། གཉིས་ཀའི་གཞིར་འདོད་མུ་སྟེགས་ན།། རིག་བྱེད་སྨྲ་བའི་བསླབ་སྟེ།། རང་སེམས་ཤེས་པ་ལྲྀང་མ་བསྟན།། གཞི་ནི་ངེས་པ་མེད་པ་ལས།། སྣང་བ་གང་ཡང་མི་འགོག་འདོད།། གདོན་གྱིས་ཟིན་པའི་སྤྱོད་པ་འདྲ།།




iiif viewer powered by OpenSeadragon

11b - 12b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa