| | e-texts navigator
|
129b1 བཞིན།། དོན་མགོ་བས་ངན་སོང་ལུང་།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་བས་རང་སེམས་སྔོན་སྤངས་པའི།། རྣལ་འབྱོར་གང་ཞིག་དང་ལྡན་ལ།། འཆིག། རྟིང་པ་དོན་མཚན་ནས།། དེས་དོན་རྒྱུད་འདི་གཏད་པར་གྱིས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོཿ།། ཡང་དག་ངེས་དོན་ཁྱད་པར་ཅ།
129b2 འབྲས་བུ་ངེས་པའི་དོན་ཆེན་འདི།། བླ་མར་མི་གུས་ང་རྒྱལ་ཅན།། ཚུལ་འཆོས་བྱེད་ཅིང་སློབ་དཔོན་སྨོད།། འབུལ་བ་མེད་པར་གདམས་ངག་འདོད།། བཀའ་རྐུན་བྱས་པས་ཕྱི་ཟག་ཐུང་།། དོན་མགོ་བས་ཆོས་ལ་སྡང་།། འགྲན་སེམས་བཙུག་པས་མཆེད་དང་མཁོན།། ལྟ་བ་མེད་པས་གཟུང་འཛིན
129b3 ཆེ།། བདག་མེད་མ་ཤེས་རང་མཐོང་བྱེད།། ད་རང་མཁས་ཟེར་བླ་མ་སྤད།། སྔོན་ནས་ཡོད་ཟེར་ང་རྒྱལ་ཆེ།། གཞན་ནས་རྙེད་ཟེར་བཀའ་རྐུན་བྱེད།། གདམས་ངག་མེད་པར་ཡོད་ཚུལ་སྟོན།། རྩི་ནས་འབུལ་ཟེར་ཐབས་ཀྱིས་འབྲིད།། ནོར་ཕོངས་གཞོག་ངོམས་ཁ་གསགས་ཅན།། གཡོ་སྨྲ་ཟངས་ཀྱིས་ཆོས
129b4 འདོད་པར་།། དེས་དོན་འདྲས་པའི་བྱུང་ཆན་འདི།། ནམ་ཡང་བསྟན་པར་མ་གསུངས་སོ།། དེ་ཡང་རྡོ་རྗེ་སེམས་དཔའ་ཏོན།། འག་བ་བྱེད་ཀུན་ལ་འདི་བསྟན་ན།། བྲན་བཟང་ང་ཡི་བཀའ་བཅག་པས།། མཁའ་འགྲོ་ང་མོད་མོ་དྲུག་ལྟར་གཏོང་།། གཙང་ངེས་མགན་པོ་ཐོད་ལྟ་བརྡེག། ཕྲེ་ན་སྙིང་ལ་ཕུང་།
129b5 འདེབས།། རྒྱལ་ཆེན་བཞི་ནི་ཐོག་ལྟར་བརྡེག། དམ་ཅན་རྣམས་ནི་ཀྱི་ལྟར་ཟུག། མི་གཡེང་བྱ་བཱཛྙཱའི་ཉམས་པ་ལ།། ནད་དང་མུ་གེ་རྟག་ཏུ་འོང་།། མེ་དགེ་སྡུག་བསྔལ་སྣ་ཚོགས་འབྱུང་།། མཉེས་མི་རྣམས་ཀུན་ཀྱང་སྡང་།། མནོས་པ་མི་དགུབ་ཆོམ་རྐུན་འོད་།། འགོད་འདྲེ་ཆགས་ནས་བསོད་ནམས་བསྲུང་།།
129b6 ཡི་མུག་འདུག་པའི་གནས་མི་རྙེད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སློབ་དཔོན་བཀྲུས་པས་འཁོར་མི་འདྲ།། རང་མི་འདོད་པས་མཆེད་དང་འཁོན།། བླ་མ་སྤངས་པས་ཆོས་མི་བཙུན།། བཀའ་རྐུན་བྱས་པས་གདམས་ངག་མེད།། ཚུལ་འཆོས་བྱས་པས་མི་རྣམས་འཕྱ།། འདོད
129b7 པ་ཆེ་བས་དད་པ་ལོང་།། རྩོལ་བཤད་བྱས་པས་གཞུང་མ་ཚུགས།། དེས་དོན་བཅོས་པས་རང་ཆུད་བསྲེག། བླ་མ་སྦེད་པས་མནར་མེད་ལྷུང་།། རང་གིས་རང་བསྒྲ་སྐྱེད་རེ་ཇེ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེས་དོན་འདས་པའི་རྒྱུད་ཆེན་འདི།། མར་མེ་འཆི་ཀའི་འོད་བཞིན་དུ།། བ
iiif viewer powered by OpenSeadragon
129a - 130a