| | e-texts navigator
|
128b1 མདུང་མ་དཔ་ཉམ་བྱང་གསས།། དདུན་བུང་དགས་པ་ལན། དང་། ས་འདི་གསངས་པ།། ས་དན་སཏ་ང་ཐར་མ་དང།། གམས་བདགས་པ་བམས་ས་མད།། གད་ཡང་མ་མ་ས་ངྱ་ང།། དལ་བཟླམ་དུནལ་ཙུན་མ་། ཇུགས་པ་དཔ་དདུངསས་ཅད།
128b2 འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱལ་སྲས་སྲུལ་པའི་འཁོར་གྱིས་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉིས་བརྒྱ་དང་བཅུ་པའོ།། །། དད་ཉན་འཁོར་ལ་ཕན་དོན་དུ།། མཁའ་འགྲོ་སྡེ་ལྔ་འཁོར་བཅས་ཀྱིས།། ཀུན་རིག་ཏོན་པའི་སྤྱན་སྔར་ནི།། རང་རང་རྟོགས་པ་བརྗོད།
128b3 པའི་ཕྱིར།། ངེས་པའི་དོན་རྟོགས་འདིར་གསུངས་པ།། གཏི་མུག་མུན་པ་འཐོབ་པ་ལ།། ཐོག་མཐའ་ཆོད་པས་མ་རིག་སངས།། ཡུལ་འདི་མ་བཤིགས་ཆོས་ཀྱི་དབྱིངས།། དེ་རྙེད་རང་སེམས་རྟོགས་པ་ཡིན།། ཡང་ནི་རྟོགས་དོན་འདིར་གསུངས་པ།། ཞེ་སྡང་ལ་དོག་ཡུལ་ལ་ཧཱུ~ཾ།
128b4 གོལས་གཅོད་ཤེས་ན།། ཞེ་སྡང་རང་གྲོལ་རྒྱལ་བ་འཐུགས།། དེ་དུས་ཉིད་ན་ཆོས་ཀྱི་སྐུ།། ཡང་ནི་རྟོགས་དོན་འདིར་གསུངས་པ།། དོན་རྟོགས་བདེ་བའི་ཡེ་ཤེས་ཤར།། དརྒྱལ་ངོ་བོ་ཉིད་ཀྱི་སྐུ།། དེ་དོན་མི་འབྲལ་ཆོས་ཀྱི་སྒྲ།། དེ་ལ་རྐྱེན་གྱིས་གནོད་མི་ཚུགས།། ཡང་ནི་རྟོགས་དོན་འདིར
128b5 གསུངས་པ།། ཕོ་མོ་ཆགས་པ་ཅི་སྤྱད་ཀྱང་།། གོལ་མེད་ཡེ་ཤེས་རྒྱུན་མི་འཆད།། སྔ་ཕྱིར་མ་སོང་ཞེན་མེད་ཕྱིར།། བདེ་ཆེན་ལོངས་སྤྱོད་ཆེན་པོར་ཤར།། ཡང་ན་རྟོགས་དོན་འདི་གསུངས་པ།། ལྷ་དམན་ཆོས་ལ་ཕྲག་དོག་ཀྱང་།། གོལས་ཡིན་ཕྱིར་ངེས་མེད་དག། དེ་ཕྱིར་བྱང་ཆུབ་བདེ་བའི
128b6 གྲོང་།། དེ་ལ་སྐྱོན་གྱིས་གོས་མི་སྲིད།། ད་ཡང་འདུས་པའི་སྙིང་པོ་ཉོན།། སངས་ཀྱིས་རིག་འཛིན་ལྷན་ལ་མ་དུ།། འཇིག་རྟེན་མཁའ་འགྲོས་འདི་སྐད་གསོལ།། དམ་བཅས་དོན་ལས་བདག་མི་འདའ།། བཀའ་བཞིན་བགྱི་བའི་དོན་ཆེད་དུ།། དེས་དོན་འདུས་པའི་རྒྱུད་ཆེན་འདི།། མི་རྦབ།
128b7 པརླ་བདག་གིས་བསྲུང་།། འདི་ལ་འགལ་བྱེད་སྡིག་ཅན་ཀུན།། མྱུར་དུ་བསྒྲལ་ལ་ཞལ་དུ་རྔུབས།། དེ་ཡང་སྟོན་པའི་འཁོར་ཀུན་ཉོན།། བདག་ཅག་ཡིད་ཀྱིས་དམ་བཅས་པས།། སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར།། སྡིག་ཅན་བསད་ན་གྲོལ་བར་ངེས།། རྣམ་སྨིན་ལུས་ལ་ལོངས
iiif viewer powered by OpenSeadragon
128a - 129a