e-texts navigator
Collection
Volume
Page
Wylie

126b1 ཡང་དག་པ་ཏན་འདིར་གདུས་པ།། གད་དམང་བྱུར་མ་དང་པོལ།། སྐྱོན་པ་དག་བས་བབྱས་མ་དགས།། དོན་དང་བྱུང་རིག་པ་ལ།། ལགས་སུལ་གཡོས་པ་ཟད།། ཡང་ནི་ག་དང་ཉམས་དེང་གསུངས་པ།། རྒྱུ་ས་བྱ་ས་ཉིད་ལྔ།། ན་མ་དོན་ལམ་ཡོངས་པས།། དུམ་མ་ཙལ་བ་དང།། ད
126b2 རིག་ཆོས་སྲུར་རྟོགས།། ཡང་ནི་དོན་ཏོགས་འདིར་གསུངས་པ།། ཆོས་སྒྲ་ཐིག་ལེ་ཉག་གཅིག་ལ།། ཡེངས་མེད་རྒྱུན་དུ་མི་འབྲལ་བས།། དེ་ཉིད་བསྒོམ་པའི་མཆོག་ཏུ་བཤད།། རང་ལ་ཤར་བའི་ཡེ་ཤེས་སུ།། ཡང་ནི་གདེང་ཉམས་འདིར་གསུངས་པ།། ཡུལ་མེད་རིགས་པའི་ཡེ་ཤེས་ལ།། བལྟས་པམཐག
126b3 དངོས་མེད་མཐོང་།། གཞན་ནས་མི་འབྱུང་དང་ལ་རྙེད།། དེ་ལ་མ་ཡེངས་ངེས་དོན་མཆོག། ཡང་ནི་རྟོགྲོ་དོན་འདིར་གསུངས་པ།། གང་ལ་མི་གནས་རང་བྱུང་བ།། མ་འགགས་རིག་པ་རང་ལ་ཤར།། འཕེལ་འགྲིབ་མེད་པ་ནམ་མཁའ་འདྲ།། དེ་ཉིད་རྟོགས་པས་ཆོས་སྐུར་ཤེས།། ཡང་ནི་རྟོ།། ས་དོན་འདིར་གསུང
126b4 པ།། དྲན་མེད་རིག་པའི་དོན་གསལ་ནས།། དེ་ལ་ཡིད་ཆེས་དོན་ལ་གནས།། ཡེ་ཤེས་དང་ཤར་བཅོས་པ་མེད།། འགྱུར་མེད་རང་གསལ་ཆོས་ཀྱི་སྐུ།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། ཉིད་ལས་མི་གཞན་པའི་འཁོར་རྣམས་ཀྱི་རྟོགས་པ་བརྗོད་པའི
126b5 ལེའུ་སྟེ་ཉེས་བརྒྱ་དང་བརྒྱད་པའོ།། །། དེ་ནས་ཀུན་བཟང་སྤྱན་སྔར་ནི།། རིག་འཛིན་རྟོགས་པ་བརྗོད་པའི་ཕྱིར།། བློ་གྲོས་གཙོ་དང་རྣམ་དགེ་སྙིང་།། ནམ་མཁའི་ཡོན་ཏན་འོད་རླབས་ཅན།། ཤེས་རབ་བླ་མ་རྒྱལ་མཚན་འཛིན།། རྣམ་པར་གྲོལ་བའི་ཏིང་འཛིན་དབང་།། ཆོས་དབང་དང་ནི་བསོད་ནམས
126b6 བརྩེགས།། བདུད་བཅོམ་དང་ནི་སེང་གེའི་སྒྲ།། རིན་ཆེན་མཐོང་དང་བརྫི་བརྟེན།། དབང་ཕྱུག་གཅོད་ང་ཡིད་དགེ་དང་།། མཐོང་ན་དགའ་དང་བདེན་མོས་དང་།། གསུང་བརྩེགས་ལ་སོགས་འཁོར་རྣམས་ཀུན།། རྒྱལ་སྲས་སྤྲུལ་པའི་དོན་ཆད་དུ། གོ་རམ་བཞིན་དུ་རྟོགས་པ
126b7 བརྗོད།། ཡང་ནི་གདེང་ཉམས་འདིར་གསུངས་པ།། རྩབ་ཆོས་སྨྲའི་དོན་བཙལ་བ།། བསམས་པས་མི་རྙེད་བཞག་པས་རྙེད།། དྲན་པ་འངགས་ལབྲིང་རྒོད་བྲལ།། སྐྱེ་མེད་མི་འགྱུར་བྱ་བཙལ་ཐལ།། ཉམ་ང་མེད་པའི་བདེ་བའི་མཆོག། ཡང་ནི་གདང་ཉམས་འདིར་གསུང་བ།། གསལ་བ་མ




iiif viewer powered by OpenSeadragon

126a - 127a

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa