e-texts navigator
Collection
Volume
Page
Wylie

124a1 སེམས་དང་ངཡས།། འདུས་པའི་འཁོ་པ་ཕན་དོན་དུ།། ཀུན་རེག་ཆོས་ཀྱི་རྒྱལ་པོ་ལ།། ངེས་པའི་དགོས་དོན་ཞི་སྐད་གསོལ།། མཚན་ཉིད་སངས་ཀྱིས་ཇི་ལྟར་བཞེད།། ཀྲི་ཡོག་སངས་རྒྱས་ཇི་ལྟར་འདོད།། བརྒྱད་རྫོགས་གཉིས་ཀྱི་སངས་རྒྱས་ག
124a2 མཏིངས་སུ་རྒྱ་ཀྱི་ལྟང་དང་།། ཡང་ཏི་སངས་རྒྱས་ཇི་ལྟར་གནས།། ཀུན་རིག་སྟོན་པས་བཤད་དུ་གསོལ།། དེ་སྐད་ཞུས་ཟེའི་དོན་གསན་ནས།། འདུས་པའི་འཁོར་ལ་གཞིའ་ཕྲལ་པ།། ཉིན་ཐོས་རང་རྒྱལ་མདོན་ནི།། བེན་པ་བགྲངས་མདག་སུམ་དུ་དེ།
124a3 ནི་རྣམ་པ་གཉིས་བསགས་ཏེ།། ལམ་ལྔ་རིམ་གྱིས་བགྲོང་བྱེད་དེ།། དཀའ་ཐུབ་མཐར་ཕྱིན་འབྲས་བུར་ངེས།། བུད་མེད་ལུས་བོར་པོ་ལུས་འཐོབ།། བདེན་བཞི་སྤང་བླང་ཉན་ཐོས་ཀྱི།། ས་རྣམས་གནོན་པའི་དབུས་བུ་ནི།། དགྲ་བཅོམ་ཆེན་པོ་སྡུག་བསྔལ་བྲལ།
124a4 པར་སྤྱོད་པའི་དགེ་སློང་ཚོགས།། བདེ་སྐྱིད་ལྡན་པ་སྤྲུལ་སྐུའི་ཚུལ།། བྱ་བ་བྱས་ཤིང་ཨརྟན་པ།། ཟག་པ་ཟད་ཅིང་འཁོར་བ་སྟོངས།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡང་ཏི་རྫོགས་ཆེན་ཡས་བལྟས་ན།། འགྲོ་དོན་མི་བྱེད་ཐབས་དང་བྲལ།། ཆོས་སུ་མ་རྟོགས་ཤེས
124a5 རབ་བྲལ།། ལུང་ལྡན་ངེས་པའི་དོན་མ་མཐོང་།། ཐབས་མེད་ཤེས་རབ་བྲལ་བའི་ཕྱིར།། ཉན་ཐོས་རང་རྒྱལ་ཉིད་དུ་ལྟུང་།། དེ་ཕྱིར་ངེས་པའི་སངས་རྒྱས་མིན།། བྱང་ཆུབ་སེམས་དཔའི་འབྲས་བུ་ཡང་།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། འགྲོ་བའི་དོན་དུ
124a6 དཀའ་སྦྲང་ཕྱིར།། ཐབས་ནི་ཕ་རོལ་ཕྱིན་པ་བཅུས།། སྒྲིབ་གཉིས་མྱངས་ནས་ཚོགས་གཉིས་རྫོགས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་ཏུ་འོད་ཀྱི་ས་ལ་ནི།། མི་ལུས་མེད་པར་ལོངས་སྐུའི་ཚུལ།། མཚན་དང་དཔེ་བྱད་ཐམས་ཅད་ལྡན།། དོན་དམ་རང་བཞིན
124a7 མེད་པ་ཡི།། སངས་རྒྱས་ཆེ་བའི་ཆོས་ཀུན་མཁྱེན།། གདུལ་བྱ་འཁོར་གྱིས་ལོངས་སྐུར་མཐོང་།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། བྱང་ཆུབ་སེམས་དཔའི་སངས་རྒྱས་ཀྱང་།། ཡང་ཏི་རྫོགས་ཆེན་ལས་བལྟས་ན།། ངེས་དོན་སྙིང་པོ་མ་མཐོང་ཕྱིར།། གཞིན་མ་རིག




iiif viewer powered by OpenSeadragon

123b - 124b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa