| | e-texts navigator
|
123b1 ནཔས་བཀའ་སྩལ་པ།། ཆུབ་མན་པ་དབ་བཞི་པས།། མི་འགྱུར་དོན་མན་ངེས་མཚན་པ།། བཤད་ཀྱིས་འཁོད་རྣམས་ལགས་པ་རྟན།། ཆུ་གཞན་གྱུ་འགྲོ་ཡད་མོད་ཀྱང་།། དྷཱ་ཅན་པ་ག་པ།། དབྱར་སྒྲ་དགྲན་འབྲི་བད་པར་དེ།། ཐུན་མི་འཆད་པར་རྟག་པ་བཞོན།།
123b2 ར་བྲང་བ་མེད་རྣལ་འབྱོར་ལ།། དུས་དང་རྣམ་པ་ཐམས་ཅད་ང་།། ལྟ་བ་པོལ་འབྲིབ་མེད་པ་ནི།། ཡེ་ཤེས་ཆེན་པོ་ལྷན་མི་འཆང་།། ད་ཡང་འདུས་པའི་སྙིང་པོ་ཉོད།། ཆགགན་མཐོར་བ་ཡོད་མོད་ཀྱང་།། ཆུབ་མན་པོ་དྷཱ་།། གཏེ་ལ་བུད་མེད་འདབ་ཅིང།། དྲེག་དང
123b3 པར་སྙོམས་པ་བཞིན།། ཐེག་གཞན་ངེས་འཇོག་ཡོད་གྱུར་ཀྱང་།། དེས་དོན་ཆོས་ཉིད་ཏིང་འཛིན་པ།། ཐུན་མཚམས་མེད་པར་རྐུན་དུགནས།། དེ་ཕྱིར་འབྱུང་འཇུག་མེད་པར་གསལ།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཆུ་གཞན་འགྱུར་འགྱུར་ཡོད་མོད་ཀྱང་།། ཆུ་ཆེན་ནི་ངལྡན་ལ།།
123b4 ཀྱག་ཀྱོག་མེད་པར་དལ་འབབ་ཅིང་།། དྲང་པོར་འགྱུར་བ་མེད་པ་བཞིན།། ཐིག་གཞན་བླང་དོར་ཆེད་བྱེད་ཀྱང་།། ངེས་དོན་ཡང་ཏི་རྫོགས་ཆེན་ལ།། བཟང་ངན་ཆེ་ཆུང་མེད་པར་མཉམ།། འགྱུར་མེད་བླང་དོར་མེད་པར་སྤྱོད།། དེ་ཡང་འཁོར་གྱི་སྙིང་པོ་ཉོན།། ཆུ་གཞན་སྨན་དུག
123b5 ཉེས་ཡོད་ཀྱང་།། སི་ཏའི་ཆུ་བོ་ཆེན་པོ་ལ།། དུག་མེད་སྨན་གྱིས་ནད་ཀུན་སེལ།། ཀུན་ལ་སྦྱིན་པའི་སྨན་མཆོག་བཞིན།། དེས་དོན་རྟོགས་པའི་འབྲས་བུ་ནི།། གོལ་སྒྲིབ་ལྟ་སྤྱོད་ངེས་པའི་མཆོག། འགྲོ་བ་ཀུན་ལ་ཕན་པའི་ཆོས།། ཕྱི་མ་མ་ཡིན་དུས་འདིར་འབྱུང་།། དེ་ཡང
123b6 སེམས་དཔའ་ཉོན།། ཆུ་བོ་བཞི་འདུས་རྒྱ་མཛེ་རུ།། ཆུ་བྲ་ན་མང་པོ་ཀུན་འདུས་པ།། རྒྱ་མཚོ་ཆེན་པོར་རོ་གཅིག་བཞིན།། ཆོས་སུ་ཞིག་ལེ་ཉག་གཅིག་ཏུ།། བལྟ་བསྒོམ་སྤྱོད་པ་འབྲས་བུར་འདུས།། དེ་ཕྱིར་རང་རིག་ཆོས་སུ་ཉིད།། དེ་རྩལ་ཀྲུང་བ་ཆོས་དབྱིངས་ལ།། གང་ཡང
123b7 མ་འགགས་སྤྱན་གྱིས་འགྲུབ།། རྫོགས་པ་ཆེན་པོ་ངས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འགྱུར་བ་མེད་པའི་དཔེདོན་མཐར་ཐུག་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་གསུམ་པའོ།། སྡོམ་དུ་འགྲུས་ཏེ་བསྟན་པ་སོ་དགུ་པའོ།། །། དེ་ནས
iiif viewer powered by OpenSeadragon
123a - 124a