e-texts navigator
Collection
Volume
Page
Wylie

123a1 ད་དདང་།། རྒྱ་དང། ན་དུ་ད་དུ་།
123a2 འདུས་པའི་སྙིང་པོ་ཉོན།། ཐུགས་ཀྱི་སྤྲུལ་པ་ཟུང་བ་ནི།། རྡོ་རྗེ་སེམས་དཔའ་ཉིད་ཡིན་ཏེ།། སྣོད་དང་ལྡན་པའི་རིག་འཛིན་ལ།། རྒྱད་ལུང་གཉིས་ཀྱི་ངས་པའི་ཆོས།། ཀྱིའི་ཚེ་གཅིག་བསྒྲུབ་སྦྱར་ན།། རྡོ་རྗེ་འཆང་གིས་ལ་གཟུགས།། དེ་ཡང་འཛུས་པའི་སྟོ་ཉོན།
123a3 སྨན་མཆོག་རྒྱལ་པོ་ཆེན་པོའི་དཔེ།། ལྷ་ཡི་བདུད་རྩི་མ་གི་ཏས།། ཤི་བ་ཀུན་སློངས་ལྡན་གྱི་མཆོག། གང་ལ་རེག་པས་འཚོ་བལྟར།། ཡང་ཏི་ཐིག་ལེ་ཉག་གཅིག་ལ།། ངེས་པའི་ལུང་ལྡན་དོན་བསྟན་ན།། ལུས་ངག་རྩོལ་བ་མི་དགོས་པར།། བསྟན་དང
123a4 རྒྱས་དུས་མཉམ་འབྱུང་།། དེ་ཕྱིར་མན་ངག་ཤེས་བྱ་མཆོག། དེ་ཡང་འདུས་པའི་སྙིང་པོ་ཉོན།། གསུང་གི་སྤྲུལ་པ་ཤཱན་ཐུལ་གྱིས།། སེམས་ཅན་སྐྱེ་བོ་ལས་དག་ལ།། སྡེ་སྣོད་རྣམ་པ་གསུམ་གྱི་ཆོས།། བསྐལ་པ་གྲངས་མེད་རྣམ་གསུམ་ན།། འབྲས་བུ་བཅུ
123a5 གཅིགས་གནོན་འདོད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དཔེར་ན་དཔག་བསམ་ལྗོན་ཤིང་ལ།། བསོད་ནམས་ཆེ་ཆུང་རིམ་པ་ཡིས།། འབྲས་བུ་སྣ་ཚོགས་རབ་འབྲེང་འབྱུང་།། དེ་ཕྱིར་ལས་དང་རྐྱེན་ལས་འབྱུང་།། དེ་བཞིན་དྲང་དོན་ཆོས་རྣམས་ཀུན།། གང
123a6 ཟག་བློ་ཡི་རིམ་པ་ལས།། ཅི་རིགས་པ་ཡི་ཆོས་བསྟན་པས།། འབྲས་བུ་ལྷ་དང་མི་རུ་སྐྱེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དྲང་དོན་ཆོས་ཀྱིས་སངས་མི་ཆེ།། ཨ་མྲའི་འབྲས་བུ་སྨིན་མི་སྲིད།། མ་རྟོགས་ཆོས་ཀུན་ཅི་སྤྱད་ཀྱང་།། རྣམ་པར་གྲོལ་བར་མི་འགྱུར་རོ།།
123a7 རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འབྲས་བུ་མཐར་ཐུག་བསྟན་པའི་ལེའུ་སྟེཉིས་བརྒྱ་དང་གཉིས་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། འགྱུབ་མེད་དོན་གྱི་དཔེ་དོན་ནེ།། ཀུན་རིག




iiif viewer powered by OpenSeadragon

122b - 123b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa