| | e-texts navigator
|
122b1 གནས་ངས་དང་།། འདྲ་དྲུག་སེམས་ཅན་ལས་དག་ཏུ།། ཚོགས་གཉིས་གསོག་པ་ཐབས་བཀན་ནས།། གླ་སྦྱང་ས་འབྲས་བུ་རིམ་གྱི་སྣང་བྱུང་།། རྣལ་ཐུང་གསུང་གགནས་ན།། གདུལ་གང་འོས་དྲང་དང་།། དགེ་རྗེག་ཏུ་ནས་གཉིས་བཅོས་རྫུན་ང
122b2 ལེགས་པའི་ཆོག་ཏུ་སྟོན།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྤྲུལ་པའི་སྐུའི་གདུའ་བྱ་བསྟན་པའི་ལེའུ་སྟེ་ཉིས་བརྒྱ་དང་གཅིག་པའོ།། ། དེ་ནས་འདུས་པའི་འཁོར་རྣམས་ལ།། ཀུན
122b3 ན་པས་བཀའ་བྱབ་པ།། འབྲས་བུ་ངེས་པར་མཐར་ཐུག་ཕྱིར།། ཆེ་བའི་ཡོན་ཏན་གཏན་ལ་དབཔ།། དེ་དོན་ལེགས་པར་བཤད་ཀྱིས་ཉོན།། འཁོར་འདས་གཉིས་ཀྱི་གཞིར་གྱུར་པ།། རང་བྱུང་ངོ་ཉིད་ཀྱི་བུ།། དེལ་གི་འཁོར་འདས་ཐམས་ཅད་བབྱེད།། གཞལ
122b4 འཁོར་འདས་གྲུབ་པ་མེད།། གཞི་ལ་མཐོང་སྣང་སྣ་ཚོགས་པས།། འཁྲུལ་དོང་བདུན་ཀྱང་དོན་ལ་མེད།། དེ་ཕྱིར་རང་བྱུང་ཀུན་གྱི་གཞི།། དེ་ལ་བསྐྱེད་པར་ནུས་པ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དཔེར་ན་གསེར་ཅུ་གཅིག་པ་ལ།། དབྱིབས་དང་གཟུགས
122b5 ནི་ཐ་དད་པར།། བྱས་པ་དེ་དག་མིང་རེར་གྲགས།། གྲགས་ཀྱང་གསེར་གྱི་ངོ་བོར་གཅིག། དེ་བཞིན་འཁོར་འདས་སྣ་ཚོགས་ལ།། བླུན་པོ་རྣམས་ཀྱིས་ཐ་དད་བཟུང་།། དེ་ཕྱིར་སྤོང་སྲུང་ཞེན་པ་བྱས།། གཞི་ལ་ངོ་བོ་གཅིག་ལས་མེད།། ང་ཡང་འདུས་པའི་སྙིང་པ་ཉྫན།།
122b6 དཔེར་ན་ནོར་བུ་རིན་ཆེན་ལ།། རྙེད་པ་ཡོད་ལ་སྟོར་པ་མེད།། རང་བྱུང་ངོ་བོ་རྟོགས་པ་ལ།། མ་བཙལ་ཡོན་ཏན་ཐམས་ཅད་འབྱུང་།། དེ་ཕྱིར་ཆོས་སུ་ཉིད་ཀྱི་རྩལ།། རྟོགས་པའི་བྱིན་རླབས་སྐུ་གསུམ་འབྱུང་།། ཆོས་སུ་ཀུན་བཟང་ངེས་དོན་ལ།། རྟོགས་པས་ཆོ་ག་ཕྱིར་ཡ
122b7 སངས་རྒྱས།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། སྲུ་ཡི་སྤྲུལ་པ་སྣང་མཛད་ཀྱིས།། དག་པར་སྤྱོད་པའི་རྣལ་འབྱོར་ལ།། ཕྱི་རྒྱུད་རྣམ་གསུམ་ཆོས་བསྟན་ཏེ།། རྡོ་རྗེ་འཛིན་པའི་ས་རུ་བཏགས།། དཔེར་ན་གསེར་སྦྲུལ་མིག་གིས་ནི།། འདོད་པའི་ཡོན་ཏན་རྣམ
iiif viewer powered by OpenSeadragon
122a - 123a