| | e-texts navigator
|
120b1 ཆོས་དང་གཞན་ལ་ཕྲག་དག་མེད།། དེ་ཕྱིར་རང་ཟུང་ཡེ་ཤེས་ཤར།། དེ་ཡང་འགག་མེད་རོལ་པ་ཡིན།། ད་ཡང་འདུས་པའི་སྐར་བཏོན།། འབྱུང་བ་འདོད་ཡོན་དྲུག་ཝ་ཀུན།། ཐམས་ཅད་ཡེ་ཤེས་ཆོས་སུར་ཤར།། ཀུན་གྱི་རང་བཞིན་དེ་ཤེས་པས།།
120b2 ལ་དབང་བསྐུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་དེས་དོན་ཐམས་ཅད་འདུས་པ། ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རོལ་པ་འགག་མེད་ཀྱི་གཏན་ཚིགས་བསྟན་པའི་ལེའུ་སྟེ་བརྒྱ་དང་གོ་དྲུག་པའོ།། །། དེ་ནས་ཀུན་རིག་སྟོན་པ
120b3 ཡིས།། འདུས་པའི་འཁོར་ལ་བཀའ་སྩལ་པ།། མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས།། ངེས་དོན་རྩ་བ་ཆེས་སུལ།། ལུང་ལྡན་རྐྱེན་གྱིས་ཡིད་ཆེས་བྱ།། སངས་རྒྱས་སེམས་ཅན་ངོ་བོ་ལ།། རང་ཀྱང་ཡིན་ཕྱིར་གཉིས་སུ་མེད།། དེ་ཡང་རྡོ་རྗེ་སེམས
120b4 ས། གས་སུ
120b5 སྐད་གཉིས་སུ་བསྡུས་པ་ཀུན།། དཔེར་ན་བོང་རྭ་བཞིན་དུ།། ཚིག་ཏུ་ཡོད་ཀྱང་དོན་ལ་མེད།། དེ་ཕྱེར་མཚན་ཉིད་གཉིས་མེད་པའི།། གཏན་ཚིགས་ཆེན་པོར་བཞག་པ་ཡིན།། ད་ཡང་འདུས་པའི་སྙིང་པོ་ཉོན།། མཐའ་དང་བྲལ་བའི་ཆོས་སུ་ནི།། མེད
120b6 པཾ་མ་ཡིན་དུན་ཞིང་ཚེར།། ཆུད་པ་མ་ཡིན་རེག་ཅེ་དགསལ།། རྟག་པ་མ་ཡིན་དངོས་པོ་མེད།། གཉིས་སུ་མསོང་ཐུ་བོ་མེད།། གཅིག་ཏུ་མ་ངེས་ཀུན་ལ་ཁྱབ།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཆོས་ཅན་རང་གི་མཚན་ཉིད་ནི།། གདོད་ནས་གཉིས་སུ་མེད།
120b7 པ་ཡི།། ཆོས་རྣམས་ས་པ་གཅིག་པ་འདོན།། གཏན་ཚིགས་དག་གིས་ཡིད་མས་བྱ།། གཉིས་མེད་ཟེར་པའི་རྟག་པ་ནི།། འདྲེས་པའི་གཉིས་མེད་མ་ཡིན་ཏེ།། གང་ཡང་མ་འདྲེས་རང་བྱང་སུ།། ཆད་ནས་གཉིས་མེད་པ་ཡིན་ཏེ།། སངས་རྒྱས་སྙིང་པོ་ཆོས་སུ
iiif viewer powered by OpenSeadragon
120a - 121a