| | e-texts navigator
|
10b1 ཉལ་སྔོན་དུ་ཆུ་གཅིག་གིས།། བསྐྱེད་དང་བསླ་བ་དང་གཞན་དུ་འགྱུར།། གཞན་ལྟོས་ངོ་བོ་གྲུབ་པར་འདོད།། དབྱེ་བ་མ་ནོར་བརྟགས་པ་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རྩལ་དང་ཤས་ནི་ཚེ་ཆུང་སྟེ།། སྡུག་བསྔལ་སྐྱེ་རྒས་ན་སྟེ།། ཐམས་བྲལ
10b2 དགྲ་འཐད་མེད་ཚོལ་རྙེད།། འཁོར་བའི་བག་ཆགས་རྩལ་དུ་བྱུང་།། གྲངས་ལ་མང་དུ་ཡོད་མོད་ཀྱང་།། བག་ཉོན་རྟོག་པ་སྐྱོན་དང་གཡོག། སྒྲིབ་ལུང་གོ་ལས་འཁྲུལ་པ་སྟེ།། ཡུལ་ཡོད་བར་དུ་གྲངས་ཐུག་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། དེ་དག
10b3 འཁྲུལ་པ་ཡུལ་ལས་བྱུང་།། ཡུལ་སེམས་པར་དོར་གོ་ལས་ཆོད།། བག་ཆགས་གཞི་ལ་གོས་པ་མེད།། རྫོགས་པ་ཆེན་པོ་ངེས་དོན་ཐམས་ཅད་འདུས་པ་ཡེ་ཤེས་ནམ་མཁའ་དང་མཉམ་པའི་རྒྱུད་ལས། འཕྲལ་བྱུང་གི་བག་ཆགས་ཀྱི་ཀུན་གཞི་བསྟན་པའི་ལེའུ་སྟེ
10b4 ལྔ་པའོ།། །། དེ་ནས་ཀུན་རིག་སྟོན་པ་དེས།། སྐལ་ལྡན་དད་ལྡན་འཁོར་རྣམས་ལ།། ལུས་ཀྱི་ཀུན་གཞི་བཀའ་སྩལ་པ།། དབྱེ་བ་ངོ་བོ་མཚན་ཉིད་དང་།། ལས་དང་དཔེ་ལྡན་རྟོགས་པར་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བཞིན་བག་ཆགས་ཡིད་ཀྱི་ལུས།། ཐོག་མ་ཐ་མ་ད་ལྟའི
10b5 ཁད།། ངེས་པར་གཏན་ལ་དབབ་པའི་ཕྱིར།། ཐ་དད་ལུས་ཀྱི་གཞི་ལས་བྱུང་།། ངོ་བོ་རྩལ་ཤུགས་ཐ་དད་པའི།། སྡང་དང་ཐིག་ལེའི་རྩལ་མེད་ཀྱང་།། གོང་གི་ལུས་ཉིད་དེ་ལ་བརྟེན།། ལུས་དང་བག་ཆགས་དབང་གིས་སྣང་།། དེ་ཡི་མཚན་ཉིད་ཆོས་སྐྲ་དང་།། བག་ལུས་རང
10b6 བཞིན་ལུས་ལ་བརྟེན།། གཅིག་དང་ཐ་དད་གཉིས་ཀ་མིན།། འཁོར་འདས་རྟེན་ཡང་དེ་ལྟར་གནས།། ད་ཡང་འདུས་པའི་སྙིང་པོ་ཉོན།། ཉན་ཐོས་སེམས་དཔའ་སངས་རྒྱས་ལའང་།། རྫུ་འཕྲུལ་མཚན་ཉིད་དཔེ་བྱད་ཀུན་གྱི་གཞི།། སེམས་ཅན་སྒོ་གསུམ་དེ་ལ་བརྟེན།། ལུས་ཀྱི་ཀུན་གཞི་ཏེ།
10b7 པའི་ལས།། དེ་ཡི་མཚོན་པའི་དཔེ་གསུངས་པ།། ལུས་ཀྱི་ཀུན་གཞི་ཁྱིམ་དང་འདྲ།། ཉི་མ་འཇུག་པའི་བདེ་བརྡལ་འདྲ།། གཟའ་སྐང་འཆར་བའི་ནམ་མཁའ་འདྲ།། ད་ཡང་འདུས་པའི་སྙིང་པོ་ཉོན།། དེ་དག་ཀུན་གཞི་རྣམ་གསུམ་ཡང་།། ཀུན་བརྟགས་བག་ཆགས་ཀུན་གཞི
iiif viewer powered by OpenSeadragon
10a - 11a