e-texts navigator
Collection
Volume
Page
Wylie

10a1 ཀུན་གཞ་བཀའ་སྩལ་བ།། དང་པོ་དང་ཐ་མ་དང་།། མམཚན་ཉིད་ངས་ཆོག་དང་།། རབ་བཏགས་གཏན་མ་བྱ་བཎྜལ།། ནམ་གྲངས་དེ་དགྲ་བསྡུས་ཏེ་གསུངས།། ད་ཡང་རྡོ་རྗེ་སེམས་དཔའ་ཏན།། ཐོག་མ་མཐའ་ཇུག་རྟག་པས
10a2 བྱུང་།། གང་ལ་མེ་རྟོག་དོན་མ་ཟིན།། ཡངས་པའི་ཚུལ་ལས་རྟོག་པ་བྱུང་།། རང་སྣང་སྒྲིབ་པབག་ཆགས་བརྟས།། བག་ཆགས་སུ་ཀྱིའི་རྡུལ་བརྟེན།། འགག་པ་མ་གེ་སྡུག་བསྔལ་བྱུང་།། ཆོས་སྤུ་མི་འགྱུར་འཁོར་བར་བརྟེན།། དེ་ཕྱིར་ལུས་སེམས་པ
10a3 ཆགས་ཡོད།། ད་ཡང་འདྲས་པའི་སྙིང་པོ་ཉོན།། གང་འགྲོ་རུས་ལ་ངེས་མེད་རྟེན།། ཡེ་ཤེས་འཐད་ན་བག་ཆགས་བརྟག། དེ་མེད་དག་པའི་ཐབས་མེད་དོ།། ཉི་མང་མུན་པར་མི་འགྲོ་འདྲ།། ངོ་བོ་བརྫུན་ལ་བདེན་འཛིན་པ།། རྟོག་པ་ཞིན་སྤང་བརྟས་པ་ན།།
10a4 བག་ཆགས་ཆུན་མི་ཆད།། དེ་ཕྱིར་འཁོར་བར་ཡང་ཡང་བསྐྱེད།། མཚན་ཉིད་གཅིག་གིས་བསྐྱེད་གྱུར་པས།། འབྲས་བུ་རིགས་དང་སོ་སོར་སྦྱིན།། ནུ་རྐྱེན་ཚོགས་དང་གཉེན་པོས་འཇོམས།། ཆེ་རྨེད་འི་འདྲ་བརྟེན་པར་སྣང་།། ད་ཡང་འདུས་པའི་སྙིང་པོ་ཉོན།
10a5 བག་ཆགས་ཀུན་གཞི་རྟོག་པ་སྟེ།། ངེས་ཆོག་རྟོག་ཆུ་ཆ་ཕྲ་དེ།། བག་ཙམ་རྟེན་རྟོག་བརྟས་པ་ལས།། བག་ཆགས་ཀུན་གཞི་ཡུལ་དུ་བྱས།། འབྲས་བུ་ལས་ཀྱིས་སྨིན་པར་བྱེད།། ཐོག་མར་བཅས་དང་ཐོག་མ་མོད།། གར་སྤྲིན་ཟིལ་གནོན་བག་ཆགས་ཆུང་།
10a6 ལུང་དུ་མ་བསྟན་སཱིན་མི་ནུས།། ནམ་མཁའ་སྤྲིན་དང་ས་གཞི་བཞིན།། གཡའ་རྡུལ་ལྦུ་བ་བག་ཆགས་དཔེ།། འདྲ་ཡང་དོན་མིན་མཚན་པར་ཟད།། གློ་བུར་ཡུལ་བྱུང་གཞི་ལ་མེད།། ད་ཡང་རྡོ་རྗེ་སེམས་དཔའ་ཉོན།། བག་ཆགས་ཀུན་འདུས་ཕུང་པོ་ལ།།
10a7 ཆུ་མཐུན་རྣམ་པར་སྨིན་པ་སྟེ།། ཕུང་ལྔ་དུས་གསུམ་མི་འབྲལ་འབྲང་།། བཁྲུལ་བརྟས་རྟག་ཏུ་བརྟན་པ་ཡིན།། གཉེན་པོ་ཐུན་མང་ཐུན་མིན་གཉིས།། ཐུན་མང་དད་པ་བརྩོན་འགྲུས་དང་།། མས་དྲན་ཏིང་འཛིན་སོགས་རྣམས་སོ།། ཐུན་མོང་མ་ཡིན་ཡེ་ཤེས་དག། བག




iiif viewer powered by OpenSeadragon

9b - 10b

Texts on this page

Gdg002.1 - rdzogs pa chen po nges don thams cad 'dus pa / ye shes nam mkha' dang mnyam pa'i rgyud / lta bsgom thams cad kyi snying po / rin po che rnam par bkod pa