e-texts navigator
Collection
Volume
Page
Wylie

98b1 དྲིགཏས་ཆག་དང་ངན་ལ་ཁྱད་པར་མ།། ཆོག་ཀྱད་དོན་ཀྱང་བསྟན་གྱིས་འཁོར་རྣམས་ཉན། འཁོར་ཀྱི་བློ་འདས་ཆོས་དེ་ཆོག་གིས་པ་དྷ་ཤཱ་མ་བཏགས། ཞེས་དྲིས་པའི་ཀྱངད་དང་ལ་བར་གྱིས་དྲིས་ཤིང་ངལས་མཚོན་པ་ལས།། འཁོར་བ་རྟོག་པ་བསལ་གྱུར་བབགས།། སྲང
98b2 ཚིག་ཏུ་བཏགས་པ་ལས།། བློ་འདས་ཉིད་ལ་མཚོན་བྱ་མཚོན་བྱེད་མེད།། བློ་འདས་ཉིད་ལ་ཚིག་གིས་གདགས་སུ་མེད།། མིང་མེད་བློ་འདས་དོན་ལ་མིང་ཚིག་བརྡའ་ཆད་མེད།། མིང་མེད་མཐའ་བྲལ་བློ་ཡི་སྤྱོད་ཡུལ་གྲོལ།། མུ་དང་མཐ་འགྲོ་ལ་གཏིད་མཐའ་བརྗོད་པའི་ཐ་སྙད་ཚིང
98b3 གི་ཡུལ་ལས་འདས།། འཁོར་གྱི་རྟོག་པ་བསལ་གྱིར་ལས།། བློ་འདས་ཉིད་ལ་དངོས་མེད་མིང་ཚིག་བཏགས་པ་མེད།། དེ་ཕྱིར་ཟློས་བཏགས་ཆོས་ལས་ཁྱད་པར་འཕགས།། དེ་ཡང་ཇི་ལྟར་འཕགས་ཞེ་ན། ཨ་ཏི་མན་ཆད་ཐོས་བཏགས་ཆོས་རྣམས་ནི།། བློ་ཡིས་རང
98b4 རང་གྲུབ་མཐར་བཏགས་ཤིང་།། བློས་བཏགས་གྲུབ་པའི་མཐའ་ལ་ཞེན།། དངོས་མེད་མིང་མེད་བློ་འདས་ཆེན་པོ་ལ།། དྲི་དོན་མ་རྟོགས་ཐེག་པ་རིམ་དགུ་ཡི།། ལྟ་བཟློས་བཏགས་ཚིག་ལ་ཞེན།། སྒོམ་པ་བློས་བསྒོམ་མིང་ཚིག་ཞེན་དང་བཅས།། སྤྱོད་པ་ཆེད་བྱས་ཆགས
98b5 སྡང་ཞན་དང་བཅས།། འབྲས་བུ་རེ་དོགས་ཡིད་སྨོན་རྩོལ་སྲུབ་བྱེད།། རང་ལྟར་མིང་བཏཀྲ་ཐོས་བཏག་ཚིག་ལ་ཞེན་པའི་ཐེག་དགུ་ཡིས།། བློས་བཏགས་གྲུབ་པའི་མཐའ་ལ་ཞེན་ནས་གཞན་ལྷ་རྒྱབ་ཀྱིས་ཕྱོགས།། དངོས་མེད་བློས་བཏགས་རྟོག་པའི་ཚིག་ལ་ཞེན།། སྔར་བཏགས
98b6 ག་ནང་གླེན་ཐོས་བཏགས་ཐེག་པ་ཡིས།། རང་གི་མ་བཞག་ནུས་རྒྱང་དུ་བཙལ།། བཙལ་བས་བསྐུལ་བ་བརྒྱར་ཡང་རྙེད་མི་འབྱུར།། དམུས་པང་ནམ་མཁའི་མཐའ་འ་ཚོལ་འང།། ཟླས་བཏགས་ཆོས་རྣམས་མཐད་ན།། བསྐལ་པ་བརྒྱད་ཡང་རྙེ་མི་འགྱུར།། ལྔ
98b7 སྟོང་པའི་ཆོས་ལ་མཚོན་པ་བཏགས་པའི་བློས་བཏགས་ནས།། ཚིག་གི་མཐའ་ལ་ཞེན་ཅིང་མིང་བཏགས་ཆོས་ལ་ཆགས།། མིང་མེད་མཐའ་སྟོང་བློ་ཟད་མ་རྟོགས་ན།། ནམས་ཀྱང་འཁོར་བའི་འདམ་ནས་ཐོན་དུས་མེད།། དེ་གྱིར་བློས་བཏགས་བློ་འདས་གཉིས་ཀྱི་ཁྱད་པར་རོ།། ཏྲི་ལ




iiif viewer powered by OpenSeadragon

98a - 99a

Texts on this page

Gdg001.2 - rgyud thams cad kyi rtse rgyal nam mkha' 'bar ba'i rgyud