| | e-texts navigator
|
92b1 ཡིན་ན་སེམས་ཅན་ཇི་ལྟང་ལ་དྲལ།། སངས་རྒྱས་དབུའ་མཐུག་པ་མེད།། སེམས་དེསངས་རྒྱས་མིན་ན་སངས་རྒྱས་གང་ནས་འཚལ།། ཞེས་ཞུས་པ་དང་། སྟོན་པས་འཁོང་ལ་བཀའ་སྩལ་པ།། སེམས་དཏོགས་པ་མངོན་དུ་ཐར་པའི་སང་རྒྱ
92b2 ནས་ལྡན་ཐུབ་སངས་རྒྱས་ཡིན།། གཞི་རང་བཞིན་སྙན་གྱིས་གྲུབ་པ་ལ།། རྩལ་དང་རིག་པ་ཟེར་འབུལ་བས།། དྲག་ལྔ་ཉོན་མོངས་མ་རིག་དབང་གིས་སེམས་ཅན་འཁྲུལ།། སུས་ཀྱང་མ་ལནར་དངོམ་ཤེས་ཉེས།། སངས་རྒྱས་གཞན་ནས་མི་འཚལ་ཏེ།། སེམས
92b3 ཉིད་རྟོགས་པས་སངས་རྒྱས་ཡིན།། འཁོར་བར་ངོ་ཤེས་མྱ་ངན་འདས།། སེམས་ཉིད་དོ་ཤེས་འཁྲུལ་དུ་མེད།། ཅེས་གསུངས་སོ།། ནམ་མཁའ་འབར་བའི་རྒྱུད་ལས།། སེམས་དེ་ཡེ་ནས་སངས་རྒྱས་ཡིན་ཀྱང་མ་རྟོགས་པས་གཞི་ལྡན་དམ་པ་བསུམ
92b4 པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་རང་བྱུང་དང་དངས་ཀྱིས།། མིང་མེད་ཀུན་གྲོལ་སྟོན་པ་ལ།། སེམས་ལ་ཡེ་ནས་དངོས་པོ་ཡོད་དམ་མེད།། དངོས་པོ་ཡོད་ན་སེམས་དེ་རྟག་པར་ཐལ།། དངོས་པོ་མེད་ན་ཆད་པར་ལུད།། དེ་ཉིད་ངས་ནི་ལྟ་ལགས།
92b5 ཞེས་ཞུས་པས། སྟོན་པས་འཁོར་ལ་བཀའ་སྩལ་པ།། ཁྱོད་ཀྱིས་ང་ལ་དྲིས་པ་ནི།། གཞི་ལ་འདྲི་འམ་རྩལ་ལ་འདྲེ།། ཆོས་ཉིད་གཞི་ལ་འདྲི་བ་ནི།། སེམས་ཀྱི་གཞི་ལ་དངོས་པོ་མེད།། སེམས་ཀྱི་གཞི་ལ་གཟུགས་སུ་མེད།། སེམས་ཀྱི་གཞི་ལ་ཁ་དོག་མེད།།
92b6 སེམས་དེ་ཅང་མེད་དངོས་མེད་ཐ་སྙད་མེད།། ཅེས་གསུངས་སོ།། རྩལ་ལ་དྲིའོ་ཟེར་བ་ན། མཚན་ཉིད་མ་འགགས་སྣ་ཚོགས་འཆར་བའི་ཕྱིར།། སྣང་སྲིད་དངོས་པོའི་ཆོས་རྣམས་གཞིའི་རྩལ་དུ་ཤར།། ཞེས་གསུངས་སོ།། ནམ་མཁའ་འབར་བའི་རྒྱུད་ལས།། སེམས
92b7 ཀྱི་གཞི་ལ་དངོས་པོ་མེད་པ་ལ། རྩལ་ལ་དངོས་པོ་ཡོད་པར་བསྟན་པའི་ལེའུ་སྟེ་དགྲ་པའོ།། ། དེ་ནས་རང་བྱུང་དང་དངས་ཀྱིས།། མིང་མེད་སྟོན་པ་ཀུན་ཐོམ་ལ།། སེམས་པ་འཁྲུལ་པ་ཡོད་དམ་མེད།། འཁྲུལ་ཡོད་སེམས་ང་སྐྱོན་དུ་འགྱུར།།
iiif viewer powered by OpenSeadragon
92a - 93a