| | e-texts navigator
|
91a1 ། ཞེས་བྱས་པ་དང་།། སྟོན་པས་འཁོར་ལ་བཀུ་སྩལ་པ།། སེམས་ཀྱང་བགས་ལ་པར་བསྟན་པ་ནི།། སེམས་ཀྱང་བྲོག་དག་དགས་ལ་ཡིན།། སམས་བྱུང་བགས་པ་དག་ཡན།། སམས་སྦྱོར་བ་གཏིང་གས་པ་ཡིན།། སངས
91a2 ཀྱི་ངོ་བོ་ཁོང་ནས་གསལ།། སེམས་ཀྱི་ངོ་བོ་མཁའ་གསལ་ཡིན།། སེམས་ཀྱི་ངོ་བོ་འོད་དུ་གསལ།། སེམས་ཀྱི་ངོ་བོ་རྩལ་དུ་གསལ།། སེམས་ཀྱི་ངོ་བོ་ཟེར་དུ་གསལ།། སེམས་ཀྱི་ངོ་བོ་རོལ་པར་གསལ།། སེམས་ཀྱི་ངོ་བོ་སྤང་བར་གསལ།། སེམས་ཀྱི
91a3 པོ་དབང་པོ་ལྔ་རུ་གསལ།། སེམས་ཀྱི་ངོ་བོ་དོན་སྙིང་ལྔ་རུགས་ལ།། སེམས་ཀྱི་ངོ་བོ་ཡན་ལག་ལྔ་རུ་གསལ།། སེམས་ཀྱི་ངོ་བོ་གཟུགས་ལྷ་ཡུལ་ལྔར་གསལ།། སེམས་ཀྱི་ངོ་བོ་རྣམ་ཤེས་ཚོགས་བརྒྱད་གསལ།། སེམས་ཀྱི་ངོ་བོ་དབང་པོ་ལྔ་དང་ཡིད་ལྔར་གསལ།།
91a4 སེམས་ཀྱི་ངོ་བོ་ཡུལ་ཀྲོལ་རིག། སེམས་དེ་གསལ་དག་ཀློང་དུ་དག། ཅེས་གསུངས་སོ།། ནམ་མཁའ་འབར་བའི་རྒྱུད་ལས། སེམས་ཀྱི་ངོ་བོ་གསལ་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་རང་བྱུང་དང་དངས་ཀྱིས།། མིང་མེད་ཀུན་གྲོལ་སྟོན་པ་ལ།
91a5 སེམས་ལ་ཡོན་ཏན་ཇི་ལྟར་མདའ།། ཞེས་ཞུས་པ་དང་། སྟོན་པས་འཁོར་ལ་བཀའ་སྩལ་པ།། སེམས་ཀྱི་ཡོན་ཏན་བསྟེན་པ་ནི།། ཡིད་བཞིན་ནོར་ལས་དགོས་འདོད་འབྱུང་བ་བཞིན།། སེམས་ལ་ཡོན་ཏན་འཐུང་ལུགས་བསམ་མི་ཁྱབ།། ཡོན་ཏན་རྣམ་གྲདས
91a6 བཤད་པས་མི་ལངས་ཏེ།། རེ་ཞིག་བསྡུས་ཏེ་ཡོན་ཏན་འདི་ལྟར་བཤད།། མ་རིག་ཡེ་ཤེས་གསལ་བར་བྱེད་པའི་ཡོན་ཏན་མངའ།། དུས་གསུམ་སྲ་གསུམ་བསྒྱུར་བའི་ཡོན་ཏན་མདའ།། དུག་ལྔ་ཡེ་ཤེས་བསྒྱུར་བའི་ཡོན་ཏན་ཡོད།། སེམས་ཅན་སངས་རྒྱས་བསྒྱུར།
91a7 བའི་ཡོན་ཏན་མངའ།། འཁོར་བ་མྱང་འདས་བསྒྱུར་བའི་ཡོན་ཏན་མངའ།། རིགས་དྲུག་གཡངས་གཅོད་པའི་ཡོན་ཏན་མངའ།། ཁམས་གསུམ་ཞིང་ཁམས་བསྐུར་བའི་ཡོན་ཏན་མངའ།། ཉོན་མོངས་ཕྱགས་མས་འདེབས་པའི་ཡོན་ཏན་མངའ།། རྣམ་རྟོག་ཆོས་སྐུར
iiif viewer powered by OpenSeadragon
90b - 91b