e-texts navigator
Collection
Volume
Page
Wylie

88a1 @#། ཤན་ཛང་རྒྱང་འདིས་ཀྱེ།། འབྱུང་བ་དངས་སྙིགས་ཆུང་འདིས་བྱ།། རྟེན་མོངས་དུག་ལྔ་ཅུང་འདིས་བསལ།། ལམ་ལ་ཅོལ་མང་ཆུད་འདིས་བྱས།། རང་བྱུང་ཡེ་ཤེས་ཆུང་འདིས་ཤར།། འཁོར་བ་དངས་སྙིགས་ཆུད་འདིས་རྩེ།། ལོག་པའི
88a2 ལམ་ཞུགས་རྒྱུད་འདིས་བཟློག། ཆོས་འདའི་རྩ་བ་རྒྱད་འདིས་བཅད།། མན་ངག་རླུང་སྒྲོག་ཆེན་པོ་རྒྱུད་འདིས་ཁྲོལ།། སྐུ་གསུམ་ཡོངས་རྫོགས་ཆུད་འདིས་ཐོབ།། ཡེ་ཤེས་རྣམ་ལྔ་རྒྱུད་འདིས་ཤར།། མ་མཐོང་ཡུལ་ཆེན་ཆུད་འདིས་མཐོང་།། མ་མཇལ་ཞལ་ཆེན་རྒྱད་འདྲེས
88a3 མཇལ།། མ་ཐོས་གཏམ་ཆེན་ཆུད་འདིས་ཐོས།། འབྱུང་བ་མ་ལ་རྒྱུད་འདིས་ཞྭ།། གྲོལ་ཞིང་ཐིམ་པ་རྒྱུད་འདིས་བྱས།། འཁོར་བའི་ལ་ལས་རྒྱུད་འདིས་བཟླས།། རྩོལ་མེད་འབྲས་བུ་ཆུད་འདིས་ཐོབ།། རྩེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་ཆེན་པོ།། དགོས་འདོད་དེ་ཞོང་ནོར་བུ
88a4 རིན་ཆེན་ལྟ་བུ་ཁྱོད་ལ་བསྟོད།། མ་རིག་མུན་པ་སེལ་མཛད་ཉི་མ་ལྟ་བུ་ཁྱོད་ལ་བསྟོད།། འཁོར་བའི་བག་ཆགས་བསྲེག་མཛད་མེ་དཔུང་ལྟ་བུ་ཁྱོད་ལ་བསྟད།། ཉོན་མོངས་དྲི་མ་འཁྲུད་མཛོད་ཆུ་བོ་ལྟ་བུ་ཁྱོད་ལ་བསྟོད།། རང་གསལ་དོན་ཉིད་གསལ་མཛད་མེ་ལོང་ལྟ་བུ་ཁྱོད་ལ་བསྐྱོད།།
88a5 རྣམ་དག་དོན་ཆེན་སྟོན་མཛད་མན་ཤེལ་ལྟ་བུ་ཁྱོད་ལ་བསྟོད།། སྐྱོན་གྱིས་མགོས་སྟོན་མཛད་པད་མ་ལྟ་བུ་ཁྱོད་ལ་བསྟོད།། ཚེགས་རུང་དོན་ཆེན་སྟོན་མཛད་མན་ངག་ལྟ་བུ་ཁྱོད་ལ་བསྟོད།། འཁོར་བའི་གཡུལ་ངོ་བཟློག་མཛད་དཔང་བོ་ལྟ་བུ་ཁྱོད་ལ་བསྟོད།། འཁོར་བའི་གཅོད
88a6 རྙིང་འདོན་མཛད་སྨན་པ་ལྟ་བུ་ཁྱོད་ལ་བསྟོད།། འགྲོ་དྲུག་བདེ་བར་སྒྲོལ་མཛད་ཐུགས་རྗེའི་བདག་པོ་ཁྱོད་ལ་བསྟོད།། ཅེས་གསང་བའི་བདག་པོས་བསྟོད་དོ།། སྤོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས།། ཆུད་ཀྱི་མཚན་ཡོངས་སུ་བསྟན་པ་དང་། བསྟོད་པ་ཕུལ
88a7 པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་རྩ་གཉིས་པའོ།། ། དེ་ནས་ཡང་རྡོ་རྗེ་འཆང་གིས་གསུངས་པ།། ང་ཡི་བླས་བྲལ་དོ་དགསལ་ཆུད་ཆེན་འདི།། བསྟན་པས་ཤེས་ཤིང་བཀླགས་པས་གོ་བ་སྟེ།། ད་ལྟ་རང་ངོ་རང་གིས་ཤེས་ཏེ་དུས་གསུམ་འགྱུར་བ་མེད།། རིག




iiif viewer powered by OpenSeadragon

87b - 88b

Texts on this page

Gdg001.1 - spros bral don gsal chen po'i rgyud