| | e-texts navigator
|
86b1 པས་ན་བྱུང་།། མཛེས་པས་ན་ལྷ་མོའོ།། བྱམས་པས་ན་མགོན་ནོ།། མཛད་པ་ཚོགས་པས་ན་ཕྲིན་ལས་སོ།། བདག་པོ་ནི་དབང་མན་པའོ།། ཡོན་ཏན་མ་འགགས་པའོ།། དྲི་མ་མེད་པ་དང་། མ་འགྱུར་བ་དང་། ཐམས་ཅད་མཐུན་པ་འཛུགས་ས།། སྣ་ཆགས
86b2 སྟོན་པས་གསུང་ངོ་།། གཟི་བརྗིད་ལྡན་པས་ན་སླའོ།། ། ཐབས་དང་ཤེས་རབ་འཛིན་པས་ན་ཡབ་སམ་མོ།། བྱང་ཆུབ་ཆེན་པོ་དང་ལྡན་ཞིང་བསྐྱེད་པས་སྲས་སོ།། དེ་ལྟ་རངས་བསྟན་པའི་དྲུང་ལུང་ཐམས་ཅད་དུ་ཤེས་པར་གྱིས་ཤིང་།། ངས་བསྟན་པ་དོན་རྣམས་པཙུད་པར
86b3 གྱུར་ན་གང་རྩོད་པ་དང་། ཇེ་བྷྱོན་དམངས་གསུམ་པར་དེ་བདག་ལ། འདྲི་ལུགས་དང་དམ་བཅང་མ་ནོར་བར་བྱས་ལ། སྲུབ་བྱེད་ཀྱིས་གང་ཡིན་པ་བསྲུབ་ཅིང་། གཞན་སལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་སྤངས་ལ། ཕན་པའི་རྐྱེན་གྱིས་བསྙུངས་བ་ཏབ་སྟེ། དོན་མ
86b4 འགྱུར་བའི་དབྱིངས་ལ་བསྒྲལ་པོ།། ལོག་ལྟ་ཅན་གྱི་སྒྲུབ་བྱེད་ལ། གྱོན་གྱིས་སྒྲུབ་བྱེད་མི་མཐུན་པའི་ཕྱོགས་བཏང་ངོ་།། ཁོང་གིས་གཞན་སེལ་ནི། མི་མཐུན་པའི་སྐབ་རྩེ་དངབཏང་ངོ་།། ཕ་ན་བའི་རྐྱེན་ལ་གནོད་པའི་དགལ་རྐྱེན་བཏང་ངོ་།། རང་རིག་པའི་ཡེ་ཤེས་དགག་སླབ་དང་བྲལ་བ
86b5 ནི། དབྱས་ས་རྩུབ་པ་ས་སན་འདུ་། ན་ཅིག་གས་པ་དས་པ་དུ་སྨྲས་། ད་པའི་ཕྱིན་པཔ་ཏུ་དངས་པཔ་ན།། ནི་སྐང་ལ་སགས་པག་ང་དང་། ཐགས་དམ་།
86b6 བཤད་པ་བཞིན་དོན་གྱི་གནང་དྲི་བ་དང་ལན་གདབ་པར་བྱའོ།། མཐུན་ན་སྒྲུབ་བྱེད་ཀྱི་དབྱིངས་ལ་སྥར། མི་མཐུན་ན་གཞན་སེལ་གྱིས་བརྒལ་ལོ།། དོན་ངེས་པར་བྱེད་པ་དང་། ཐེ་ཚོམ་དང་ཐལ་བར་བྱེད་པ་དང་། ཤེས་བྱ་གཏན་ལ་འབེབས་པས་ན་གཏན་ཚིགས་ཞེས་བྱ་སྟེ། དེ་དང་རྔམས
86b7 མཐུན་པར་བཤད་དོ།། དེས་ཡིད་གཉིས་ཟ་བ་དང་བྲལ་བར་འགྱུར་རོ།། ཞེས་གསུངས་སོ།། སྤོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། འབྲུ་འཐོར་བསྡུད་པ་དང་། ཐེ་ཚོམ་དང་བྲལ་བར་བྱེད་པ་དང་། སྐྱོན་གྱི་མཐའ་བསལ་བའི་ལེའུ་སྟེ་བརྒྱ་དང་ཉེར་གཅིག་པའོ།།
iiif viewer powered by OpenSeadragon
86a - 87a