e-texts navigator
Collection
Volume
Page
Wylie

86a1 པར་ཤར་བ། ཚིག་ལས་འདས་པའི་རང་སྣང་། བརྗོད་བྲལ་གཞན་སྣང་མེད་པའོ།། ལམ་ནི་གནས་པ་དང་འདུག་པའོ།། སེམས་ཅན་ནི་མ་ཤེས་པའི་རྟོག་བཅས་སོ།། འཁོར་བ་ནི་གཅིག་ཏུ་མི་གནས་པར་འཁྲུལ་པའོ།། སེམས་ནི་དྲན་པ་ངེས
86a2 པའོ།། བསྐྱོད་པ་ནི་གཤེགས་པའོ།། བསྐྱོད་དུ་མེད་པ་ནི་མི་བཟོད་པའོ།། སྡུག་བསྔལ་ལས་གྲོལ་བའི་བདེ་བ་ཆེན་པོ་ཡིན་པས་བྱང་ཆུབ་པའོ།། ཤེས་པ་ནི་མཁས་པས་དེ་དོན་ལ་མ་རྨོངས་པའོ།། གནས་པ་ནི་རྩོལ་བས་མ་སོང་བར་ཕྱིན་པའོ།། གུ་ནི་སྒྲོལ་བ་སྟེ
86a3 ཐབས་སོ།། ཏིང་ངེ་འཛིན་ནི་གསལ་བ་སྟེ་རྩེ་གཅིག་པའོ།། རབ་ནི་འགྲན་ཟླ་མེད་དེ་ཆེན་པོར་གྱུར་པའོ།། མཆོག་ནི་ངོ་མཆོར་བ་སྟེ་འཕགས་པའོ།། ཕུལ་དུ་ཕྱིན་པ་ནི་ཁྱད་པར་འཕགས་པའོ།། བླ་ན་མེད་པ་ནི་དེའི་གོང་དང་ལོགས་ན་མེད་པ་སྟེ། དབང་བྱེད་པ་མེད་པའོ།། རྡོ་རྗེ
86a4 སེམས་དཔའ་ནི་སྤྱོད་པ་ཉིད། དྲན་པ་ངེས་པ་ནི་མཚན་མ་སྣ་ཚོགས་པའོ།། ཟབ་པ་ནི་གཏིད་རིང་ཞིང་དཔག་པར་དཀའ་བའོ།། གཏིང་དཔག་དཀའ་བ་ནི་ཕྲ་བས་ནའོ།། ཆོས་ནི་མཚན་ཉིད་འཛིན་པ་དང་། རྣམ་པར་དགར་བ་དང་གཞན་ལ་བརྟེན་པ་དང་། ཀུན་འབྱུང་བས་ནའོ།། བྱང་ཆུབ
86a5 སེམས་དཔའ་ནི། བདག་གཞན་ལ་སེམས་དཔའ་དང་ས་ནོན་པའོ།། ཕུང་པོ་གསུམ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སེམས་ཅན་ནོ།། བྱང་ཆུབ་སེམས་དཔའ་ནི། ཡང་སངས་རྒྱས་དང་སྣང་བ་མི་མཐུན་ལ། མར་སེམས་ཅན་དང་མི་མཐུན་ཏེ། གཉིས
86a6 ཀ་མ་ཡིན་པའོ།། དེ་ཡིས་ཕུང་པོ་གསུམ་དུ་བཞགས་པའོ།། བག་ཆགས་ནི་གཞི་གནས་དང་འཕྲལ་འབྱུང་ངོ་།། དག་ལུགས་ནི་རང་དེངས་སུ་འགྲོ་བ་དང་། ཕྲ་གའི་གདམས་པ་ལ་རག་ལུས་པའོ།། དཔེ་གངས་ལ་ཁབ་བབས་པ་དང་། མཚོལ་དར་ཆགས་པ་དང་། རས
86a7 ལ་དྲི་མས་གོས་པ་བཞིན་ནོ།། གཞི་གནས་ཀྱི་དབྱེ་བ་ནི་ཆུ་དང་འོ་མ་ལྟ་བུའོ།། འཕྲལ་དཔུང་གི་དཔེ་ཆུ་དང་ཟླ་བའོ།། སེལ་བའི་དཔེ་ནི་རལ་གྲི་ལྟ་བུ་དང་ལྕགས་ཀྱུ། བུའོ།། གསང་བ་ནི་གབ་པའོ།། སངས་རྒྱས་ནི་མཐར་ཕྱིན་པའོ།། མ་རིག་པ་ནི་འཁྲུལ་པའོ།།




iiif viewer powered by OpenSeadragon

85b - 86b

Texts on this page

Gdg001.1 - spros bral don gsal chen po'i rgyud