| | e-texts navigator
|
85a1 @། བཤད་དོ།། གྲུབ་མཐའ་ཐམས་ཅད་པལྟ་བ་དང་འབྲས་བུར་བཤད་དོ།། འབྲས་བུ་ཐམས་ཅད་དོན་མཐར་ཕྱིན་པའོ།། དོན་ནི་ཐདད་དོ།། དགོངས་པ་ཐམས་ཅད་དང་དངས་རང་བཞིན་བདག་ཉིད་ཆེན་པོར་བཤད་དོ།། དང་ནི་མ་བཅོས་པ་དང་མི་གཡོ་བ་དང་། མི་འདའ་བ་དང་མི་གནས
85a2 པ་དང་། མི་འགྱུར་བར་བཤད་དོ།། རང་དང་ནི་མ་འགགས་པ་དང་། མི་མཐུན་པ་དང་སོ་སོའི་ཆོས་ཉིད་དུ་བཤད་དོ།། བདག་ཉིད་ཆེན་པོ་ནི་ཐམས་ཅད་རིག་པ་དབྱེར་མེད་པར་བཤད་དོ།། རང་བཞིན་ནི་གཞན་ལ་རག་མ་ལུས་པའོ།། འགྲུབ་ཐམས་ཅད་ནི་རྩལ་ལོ།། སྐབས་མེད་པའི་འགྲུབ
85a3 ད་ཀྱི་རྩལ་ལོ།། སྦུབས་ཅན་རྟོགས་བཅས་སོ།། དེ་ལྟར་དེ་བཞིན་དེ་འདྲ་ཞེས་པ་ནི་གར་བླང་ཡང་ཚིག་སྔ་ཕྱིའི་དཔེ་དང་སྦྱར་རོ། དེ་ནི་ཞེས་པ་ཐམས་ཅད་ནི་སྔ་མ་འོག་ཏུ་རྒྱས་སུ་བསྟན་པའོ།། དེ་ནི་ཞེས་པ་ནི་སྔ་མ་བཤད་ནས། དེ་དང་དེ་ལས་བཟློག་པ་གཅིག་སྟོན་པའོ།། འདི་ནི་ཞེས་པ
85a4 ནི་ཐམས་ཅད་དོན་ལོགས་སུ་བཀར་བའོ།། ཅན་ཐམས་ཅད་ཡོན་ཏན་དུ་སྣང་བ་དང་སྦྱར་བའོ།། དཔལ་དང་སྡུག་པ་དང་མངས་པ་ནི་མཐུ་སྟོབས་དང་བྱིན་རླབས་སོ།། འདི་ཡང་ཞེས་པ་ཐམས་ཅད་དོན་དབུས་མགོར་འོག་དུ་བསྟན་པའོ།། ཅི་ཕྱིར་གང་གིས་ཕྱིར་ན་དེ་ཕྱིར་ནི།།
85a5 གཉེན་ཚིགས་སུ་བསྟན་པའོ།། རྣམས་དང་མ་ལུས་པ་དང་ཐམས་ཅད་དང་ཀུན་དང་དེ་དག་ནི། ཚིག་གི་དོན་ལྷག་མ་མ་ལུས་པར་སྟོན་པའི་ཚིག་གོ།། བྱང་ཞེས་པ་རིག་པ་ཆུབ་པ་ཡེ་ཤེས་སོ།། བྱུང་བ་ཆོས་སུ་ཆུབ་པ་ལོངས་སྐུ། སེམས་དཔའ་སྲུལ་སྐུའོ།། གཞི་དང་རྩལ་དུ་ཡང་བཤད
85a6 དོ།། ཆོས་ཉིད་མི་འགྱུར་བ་དང་རང་གི་མཚན་ཉིད་དང་དབྱིངས་སུ་བཤད། ཤེས་རབ་ཅེས་པ་ནི་ཕྱོགས་ལྷུང་མེད་པ་དང་། སོ་སོར་དཔྱོད་པ་དང་མ་འགགས་པར་བཤད། སྒྲོན་མ་ནི་གསལ་བྱེད་དོ།། མུན་པ་མི་རིག་པའོ།། ཤར་བ་ཡུལ་ལ་ཤར་བ་དང་། རྟོག་པ་དང་རྩལ
85a7 ཏེ། དོན་ཐདཀར་གྱུར་རོ།། རང་ཐུང་ནི་འདུས་མ་བྱས་པ་དང་རྒྱལ་ལ།། གནས་སྲབས་ཤས་པ་གཅེས་སོ།། འདི་སྣང་ལ་རང་བཞིན་མེད་པ་དང་། གསལ་ལམ་བསྒྲིབས་པའོ།། མཚན་བྱག་ཞིར་བཤད་དོ།། མཚན་བྱེད་ཐབས་སུ་བཤད། མི་གནས་པས་ནི་མཐའ་ཐལ་བར་བཤད་དོ།།
iiif viewer powered by OpenSeadragon
84b - 85b