| | e-texts navigator
|
84b1 པ་ར་ཏ་ས་ར་དང་བཅས་པ་ནི་སྤྲོས་པར་བྱེད་པའི་གྲུབ་པའོ།། ས་དང་ཏ་ནི་དེ་ལ་ཕན་པའི་རྐྱེན་ཅན་ནོ།། ཟ་ལོག་ཐམས་ཅད་ཐུན་མོང་མ་ཡིན་པའི་བསྒྲུབ་པའོ།། རང་ངོ་ཐམས་ཅད་ནི་དབྱིངས་བསྒྲུབ་པའོ།། དེ་བཞིན་དུའདང་ཨ་ལས་ཤར་བ་ཐམས་ཅད་དོན་ཕྱོགས་དེ་དང་ལྡན་པས།
84b2 ཨའི་དོན་ཕྱོགས་དེ་བསྒྲུབ་པའོ།། དེ་ནི་སྒྲའི་རྩུབ་བྱེད་དུ་བཞག་པའོ།། དེ་རྣམས་ཀྱི་འ་དང་ཨའི་མིང་མཐུན་པའི་ཕྱིར་མཐུན་པའི་ཕྱོགས་སེལ་ཅིང་། སྒོ་སོ་སོའི་མི་མཐུན་ཕྱོགས་སེལ་བས་གཞན་སེལ་ལོ།། དེ་རྣམས་ཀྱི་འཕྲུལ་ལུགས་ཀྱིས་དང་རང་གི་དོན་སྒྲུབ་པའི་གྲོགས་སུ་འགྱུར་བ་དང་།
84b3 གཞིའི་ཡོན་ཏན་བསྲུབ་པས་དོན་ཐོགས་སུ་འགྱུར་བས་ན། སྐྲ་ཕན་པའི་རྐྱེན་ཅན་ནོ།། ཞེས་གསུངས་སོ།། སྤོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། སྐུའི་དོན་བསྟན་པའི་ལེའུ་སྟེ་བརྒྱ་དང་ཉི་ཤུ་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། ཀྱེ
84b4 ལྡན་རྡོ་འཆང་།། ཏུད་ལུང་མན་དག་གང་གསུངས་པ།། ཚེག་ཚོགས་ཐམས་ཅད་དེ་ལྟར་བ་ཤད་ལགས་ན།། འབྲུ་རྣམས་དེ་ལྟར་གཞོམ་པ་གསུང་དུ་གསོལ།། སྟན་པས་བཀའ་སྩལ་པ། རྡོ་རྗེ་འཛིན་པ་ལེགས་པར་ཟུང་ཞིག། རྒྱད་ལུང་མན་ག་གདོན་ཐམས་ཅང་གོང་ལྟུ
84b5 ལ། གནས་སྐབས་ཐམས་ཅད་འབོད་སྐད་ཀྱིས་བསྡེབས་ལ།། གོང་དུ་བཤད་པ་འབྲུ་མནན་ནོ།། རིགས་ཀྱི་བུ་ལེའུ་ཞེས་པ་ནི། སོ་སོའི་ས་མཚམས་དང་ཆོས་གཞན་མ་འདྲེས་ཏེ། གང་མཚོན་པའི་དོན་གཙོ་བོར་བཤད་པའོ།། སྐབས་ཤེས་པ་ཐམས་ཅད་ལེའུའི་དོན་དང་དོན་འབྱུ
84b6 པའི་གཞི་མ་འགགས་པར་ཤེས་པ་ལ་བྱའོ།། སྤྲོས་བྲལ་ཐམས་ཅད་ནི་མི་འགྱུར་མ་འགགས་པར་ཤེས་པར་བྱའོ།། སྣང་བ་ཐམས་ཅད་ཡུལ་ལོ།། ཡུལ་ཐམས་ཅད་བཞུགས་པ་དང་སྣང་བར་ཤེས་པར་བྱའོ།། རིག་པ་ཆོས་སུ་དང་དོན་མཁྱེན་པ་དང་བེམ་པོ་ལས་ལོག་པ་དང་མ་རིག་པ
84b7 ལས་ལོག་པའོ།། མ་རིག་པ་ཐམས་ཅད་དོན་མ་ཤེས་པའོ།། ཡོན་ཏན་ཐམས་ཅད་མཐུན་པའི་ཕྱོགས་དང་། གཞི་ལྡན་པ་དང་མ་འགགས་པར་བཤད་དོ།། སྐྱོན་ཐམས་ཅད་མཐའ་དང་གཟུང་འཛིན་དང་། མ་རིག་པ་དང་ལོག་ལྷ་དང་། དོན་སོ་སོ་དང་མི་མཐུན་པ་དང་། སྤང་བྱར
iiif viewer powered by OpenSeadragon
84a - 85a