| | e-texts navigator
|
347b1 དེ་ཕྱིར་ཡིད་ནི་ལུང་མ་བསྟན།། ཡང་འགྱུར་གནས་ངན་ལུས་ལེན་ཕྱིར།། ཁྱིམ་སོགས་གང་རླུང་མངལ་དུ་འཇུག། རྗེས་དྲན་ཡོན་ཏན་མེད་པའི་ཕྱིར།། ཆགས་སྡང་སྐྱེས་ནས་འཁོར་བར་འཁྱམས།། ཀུན་ཏུ་བཟང་པོ་ཡེ་ཤེས་སློང་གི་རྒྱུད་ལས།།
347b2 མརྟོགས་པ་འཁོར་བར་འཁྱམས་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། འདུས་པའི་འཁོར་གྱི་དོན་ཆེད་དུ།། ཀུན་རིག་སྟོན་པ་ཆོས་ཇི་ལ།། ངེས་པའི་དགོས་དོན་འདི་སྐད་གསོལ།། འཁོར་འདས་བཞི་ན་ག
347b3 ལ་བཀྱེ།། དེ་ལས་མུ་སྟེགས་ཇི་ལྟར་འཁྲུལ།། ཐེག་དགུའི་འཁྲུལ་གཞི་ཇི་ལྟར་བྱུང་།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་དོན་གསན་ནས།། འདུས་པའི་འཁོར་གྱི་དང་ཉན་ལ།། ཞུས་པའི་ལན་དེ་བཀའ་སྩལ་པ།། ལེགས་པ
347b4 ཉོན་ལ་ཡིད་ལ་ཟུང་།། འཁོར་འདུས་གཉིས་ཀྱི་གཞིར་གྱུར་པ།། གང་ཡང་མེད་པའི་སྔོན་རོལ་དུ།། སངས་རྒྱས་མེད་ཕྱིར་ལུང་ལྡན་མེད།། ཐེག་དགུ་མྱ་ངན་འདས་མ་རེག། མ་རིག་མེད་ཕྱིར་སེམས་ཅན་མེད།། སྤྲིན་བཅོས་པགཆགས་སྒྲོན་མགོས།།
347b5 དྲུག་ལྔ་སྐྱེ་བའི་གཞི་མེད་ཕྱིར།། འཁོར་བའི་སྐྱོན་གྱི་མཐས་མ་རེག། ཞེན་པའི་བག་ཆགས་མེད་པའི་ཕྱིར།། ཕྲ་རགས་བསྐྱེད་པའི་ཡུལ་མ་གྲུབ། འབྱུང་བ་ལྔ་ལ་རག་མ་ལུས།། གཉེན་པོས་མི་ཚུགས་རང་བཞིན་ལུས།། དེ་ཡང་རྡོ་རྗེ་སེམས
347b6 དཔའ་ཉོན།། དེ་གསུམ་མེད་པའི་ཤེས་པ་དེ།། ནམ་ལངས་ཉི་མ་མ་ཤྭར་བཞིན།། ཡེ་ནས་གནས་ཕྱིར་ཀུན་གྱི་གཞི།། རང་བཞིན་ངོ་བོའི་ལུས་ཞེས་བྱ།། འཁོར་འདས་གཉིས་ཀྱི་བར་དོལ།། སྐྱེ་བ་མ་བླངས་དུས་ན་ཡང་།། རྐུ་རྐྱེན་མ་བསྲེད་ཡང
347b7 དག་ཡོད།། དྲོ་སྲུར་བྲལ་དང་མ་བྲལ་གྱིས།། རྟོགས་དང་འཁྲུལ་པ་གཉིས་མ་མྱོང་།། རིག་དང་མ་རིག་ཤན་མ་བྱེད།། ཡེངས་དང་མ་ཡེངས་ངོས་མ་ཟིན།། ཇི་ཞིག་ལྟར་ལ་ཡོངས་ཚུལ་གྱིས།། རང་ཡིད་ཧད་དེ་ཙམ་ཡོད་ཀྱང་།། གང་གི་འདུ་ཤེས
iiif viewer powered by OpenSeadragon
347a - 348a