e-texts navigator
Collection
Volume
Page
Wylie

344a1 པར་དེས།། དེ་ཀྱིར་རིན་ཆེན་གཏེར་ནད་འདྲ།། དེ་ཡང་འདུས་པའི་སྟེང་བཞོན།། རྒྱལ་བའི་གསང་ཆེན་བུ་མད་འདི།། ཚིག་ཏུ་མི་འདོད་ཞལ་འཆང་།། དེ་བཅངས་ཡོན་ཏན་བསམ་མི་ཁྱབ།། ཀུན་རིག་རྟུལ་པོས་ངེས་པའི་དོན།།
344a2 ཐེག་པའི་རྒྱལ་པོ་ལྡན་རྫོགས་འདི།། དད་ལྡན་འཁོར་མང་ཁྱེད་ཀྱིས་ཀྱང་།། རྒྱུད་འདི་ཡིད་ལ་བཅང་བར་གྱིས།། ཡང་དག་ངེས་དོན་རྒྱུད་ཆེན་འདི།། དད་མེད་སྨོད་པ་རྣམས་ལ་ནི།། འདི་སྤེལ་སློབ་དཔོན་བསྐལ་བའི་གནས།། ཡིད་དུ་མི་འོང་རྐྱེན་རྣམས
344a3 །། དེ་ཡང་ང་རྣསུམས་དཔ་། ད་བ་ལྡན་པངན་ནི།། ལ་ཚས་ཀྱང་ང་ཐོབ་བ་སྤྱོ། ངས་རྒྱས་འད་ཐུགས་རྒྱས་ཅཝ།། དེའི་ང་དགུང་པ་མེ།། མ་ཤེས་པསྒྲུ་པ་རྒྱུད་ཆེན་འ།། སུ་ཡང་བྱ
344a4 པར་མ་གསུངས་སོ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། བསྟན་པ་འཇིག་པའི་དུས་དེར་ནི།། རྫོགས་ཆེན་ཡང་སྐྱིང་བསྟན་པ་འབྱུང་།། དེ་ཚེ་སྡོད་ལྡན་འབྱུང་སྲེད་ན།། ངེས་དོན་མ་ནོར་རྒྱད་འདི་གཏོད།། དེ་ལྟར་མ་བྱས་ཡང་སྙིང་འདྲེ།། ནོར་འདོད་ཕྱིར་ནི
344a5 འདི་སྤེལ་ན།། སངས་རྒྱས་བཀའ་ཆད་འབྱུང་ངེས་པས།། མཁའ་འགྲོ་ཆོས་སྤྱོད་དགྲར་ལངས་ནས།། སྲིན་མོས་སྲོག་བཅད་མནར་མེད་ལྟུང་།། དེ་ཡང་འཁོར་རྣམས་ཡང་ཉོན་ཅིག། གལ་ཏེ་དད་ལྡན་སྡོད་རྙེད་ན།། འཇིག་རྟེན་ཟས་ནོར་ཕངས་མེད
344a6 པ།། ཡིད་འཐད་ཕུལ་ན་ངེས་དོན་འདི།། གཞན་ལ་མི་སྤེལ་མནའ་བོར་ལ།། སྲད་སྐྱིལ་མི་བྱ་ལྐུག་པར་གཏད།། སྣོད་ལྡན་མ་ཕྲད་དུས་ཉེན།། ཆོས་སྤྱོང་ཡོད་པའི་ལྷ་ཁང་ངམ།། ལྷ་འབྲི་ཡོད་པའི་བྲག་དཀྱིལ་དུ།། སྨན་ལམ་བཏབ་ལ་སྲས་ལ་བཞག།
344a7 རྫོགས་པ་ཆེན་མོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ཐ་མ་ཆུང་གཏད་པའི་ལེའུ་དྲུག་རྒྱཿ་བདུན་པའི་། རྫོགས་པརྩོན་པོ་ཤིན་ཏུརྣལ་འབྱོར་སངས་རྒྱས་ཐམས་ཅད་འབྱུང་བའི་རྒྱུད་ཡེ་ཤེས་ཆོས་ཀྱི་སུ། དོན་འདུས་རིག་པར




iiif viewer powered by OpenSeadragon

343b - 344b

Texts on this page

Gdg001.22 - rdzogs pa chen po shin tu rnal 'byor sangs rgyas thams cad 'byung ba'i rgyud / ye shes chos kyi sku don 'dus rig pa'i gsung/ gsang ba thugs kyi ting nge 'dzin / rang byung bde ba 'khor lo mthar phyin 'bras bu'i rgyud