e-texts navigator
Collection
Volume
Page
Wylie

342b1 པའི་ལེལུ་སྟེང་བཞི་པའོ།། །། དེ་ནས་འཁོར་ལ་བཀའ་སྩལ་བ།། སེམས་ནི་བཁྲུལ་བ་ཡིན་པའི་ཕྱིར།། ཆོས་ཀུན་གོལ་སེམས་ཡིན་པས་ན།། ཡང་དག་ཉིད་ནི་སེམས་དང་བྲལ།། སེམས་མེད་ངང་བྱུང་རིག་པའི་རྩ།། དེ་ཡང་རྡོ་རྗེ་སེམས་དཔ
342b2 ཉོན།། ཡང་དག་སངས་རྒྱས་ལམ་འདི་ལ།། ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ།། སྣ་ཚོགས་ཡུལ་ལ་ཞེན་པའི་བྱར།། རང་གི་སེམས་ཞེས་དེ་ལ་བྱ།། གང་ཡང་རུང་བ་གཅིག་ལ་ཡང་།། ཡིད་དང་སྒོ་ལྔ་ཡུལ་དྲན་པས།། ངེས་དོན་པ་ཡིན
342b3 གི་སེམས།། རིགས་དྲུག་བསྐྱེད་པའི་སེམས་ཡིན་ཕྱིར།། ཡང་དག་འཁྲུལ་པ་སེམས་ལས་བྱུང་།། དེ་ཕྱིར་སེམས་ནི་གོལ་བ་གསུངས།། དེ་ཡང་འབྲས་པའི་སྙིང་པོ་ཉོན།། སེམས་ནི་འཁོར་བའི་གཞི་ཡིན་པས།། རང་བྲང་ཆོས་སུ་འགྱུར་མི་སྲིད
342b4 དང་སེམས་རྟོགས་ན་སེམས་མེད་ཕྱིར།། དུས་གསུམ་སངས་རྒྱས་ཀུན་བཟང་ལ།། ཀུན་གཞི་མེད་ཕྱིར་སེམས་དང་བྲལ།། དེ་ཕྱིར་སེམས་ཀྱིས་སངས་མི་རྒྱ།། སེམས་ནི་རྒྱུ་རྐྱེན་བསྐྱེད་པའི་ཕྱིར།། ངེས་དོན་མ་ཡིན་འཁྲུལ་པོའི་སྤོས།། དེ་ཡང་འདུས
342b5 པའི་སྙིང་པོ་ཉོད།། ཐེག་བརྒྱད་སེམས་སུ་འདོད་པའི་ཕྱིར།། དེས་དོན་ཨ་ཏིའི་གོ་ལ་སར་བཤད།། དེ་ཕྲེར་འཁོར་བའི་ཆོས་ཡིན་ཏེ།། དཔེར་ན་དམུས་ལོང་ནོར་མི་མཐོང་།། དེ་ཕྱིར་ཡུལ་སེམས་དབྱེར་མེད་འདོད།། གང་ཡང་རུང་བ་གཅིག་ལ་ཡང་།
342b6 རང་སེམས་ཡིན་ཟེང་རྨོངས་པ་རྣམས།། འཟས་བུ་ཆོས་ཉིད་དོན་དང་བྲལ།། དེ་ཕྱིར་སེམས་ལ་སངས་རྒྱས་མེད།། སེམས་རྟོགས་སེམས་མེད་ཆོས་སྦྱར་ཤེས།། དེ་ཕྱིར་རང་སེམས་ཆོས་ལྔ་མིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མརིག་མོངས་པ
342b7 གང་ཟག་རྣམས།། ཆོས་སུ་དང་ཡང་སེམས་ཡིན་ཟེར།། དེ་ཕྱིར་ཆོ་ག་ལས་དོན་མགོ།། མིང་ལས་ངེས་དོན་ཤེས་པ་དཀན།། དེ་ཕྱིར་སེམས་ཀྱིས་སངས་མེ་རྒྱ།། རྗེས་ལས་བཙལ་བས་གླང་པོ་རྙེད།། སེམས་ཀྱི་ཕྱོགས་ནས་དོན་བཙལ་ན།། རང་རིག




iiif viewer powered by OpenSeadragon

342a - 343a

Texts on this page

Gdg001.22 - rdzogs pa chen po shin tu rnal 'byor sangs rgyas thams cad 'byung ba'i rgyud / ye shes chos kyi sku don 'dus rig pa'i gsung/ gsang ba thugs kyi ting nge 'dzin / rang byung bde ba 'khor lo mthar phyin 'bras bu'i rgyud