| | e-texts navigator
|
342a1 @བྱུང་དེ།། ལུང་མ་བསྟན་པའི་སྐྱོན་མེ་གོས།། དེ་ཕྱིར་ཡོན་ཏན་ཀུན་ལྡན་པས།། སངས་རྒྱས་ཀུན་དང་ཡེ་ནས་མཉམ།། རྫོགས་པ་ཆེན་པོ་དོན་འདུས་དང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་སྙིང་པོ་བསྡུས་པ་བསྟན་པ
342a2 ལེའུ་སྟེ་རེ་གསུམ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། སེམས་ཀྱི་ལོག་གནོན་བཀའ་སྩལ་པ།། ད་ལྟར་རིག་པ་འདི་ཉིད་ནི།། མ་བསྒྲིབས་ལེགས་པ་རང་བྱུང་དེ།། དུས་འདིར་དོན་གྱི་ཉམས་དང་ལྡན།། དེ་ཡང་འཇུས་པ
342a3 །། དབས་བདུ་ནའི་ཤེས་།། གནཔ་བྱུང་དགས་པ། ང་།། ཉིད་ས་ཨུས་།། དལ་རྗེ་གྱུ།། མཛོ་ས་དུ་བང་མི་ངས་པ་།
342a4 ཕྱིར་བསྒོམ་མི་དགོས།། དེ་ལྡན་ཡང་དག་གོལ་ས་མེད།། དེ་ཕྱིར་འཁོར་འདས་ཀ་ནས་དག། ཆོས་སྤུའི་ངང་ལ་གནས་པའི་ཚེ།། སྔར་གོམས་བག་ཆགས་དྲན་གྱུར་ཀྱང་།། ཆོས་སྐུ་ཞེན་མེད་གོ་ལས་མེད།། དུག་ཏུ་ངོ་ཤེས་མི་ཟ་འདྲ།། དེ་ཡང་འདུས
342a5 མ་ས་ལྡན
342a6 འདེབས་ཕྱིར།། དྲན་པ་འགགས་མེད་རང་གྱུང་སྐུ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གདོད་ནས་རང་བྱང་སྙིང་པོ་འདི།། འཁོར་འདས་མ་རེག་ཆོས་ཀྱི་སྐུ།། རང་གསལ་འགྱུར་མེད་ཡེ་ཤེས་ནི།། རིན་པོ་ཆེ་ཡི་འོད་དང་འདྲ།། དེ་ཕྱིར་རང་གསལ་འོང
342a7 པོ་ཆེ།། དེ་ལྡན་རང་བྱང་རྣལ་འབྱོར་པས།། གང་ཡང་ཆོས་སླར་ཤེས་པའི་ཕྱིར།། ཅི་དྲན་སྐྱོན་མེད་ནམ་མཁའ་འདྲ།། དེ་ཕྱིར་བླ་མའི་དོན་འདི་གཅེས།། རྫོགས་པ་ཆེན་པོ་དོན་འདུས་རང་བྱུང་བདེ་བའི་འཁོར་ལོའི་རྒྱུད་ལས། ངེས་དོན་ལོག་གནོན་དུ་བ
iiif viewer powered by OpenSeadragon
341b - 342b