e-texts navigator
Collection
Volume
Page
Wylie

307b1 ས་པ་བ་ཆོས་སྨྲས།། རང་བཞིན་སྙན་བྱ་བཏབ་པ།། ། ཐན་དུ་དྲུག་ཡོད་པ་ཤཱ་།། དསུགསསུ་འཐུན་པ་སོད་པདཀྱིས། ནན་པན་ས་ས་རྒྱས་སྷོ།། ས་ག་བདུད་པག་ཞག་ཏཱ།། བུགཅགས་པངས་སུ་མ་མན།
307b2 ས་མེ་ན་མེང་གྱ་རྙིང་།། དུས་གསུས་བརྟན་པ་གནས་པནག།། མ་ཤེས་ཀྱི་དཔོས་མཛད་བྱེད་།། དེ་ཡང་རྗེ་སེམས་དཔའ་ཉོན།། གཞིས་མེད་པའི་གནག་ཞོན།། གྲདས་མི་རྒྱལས་བྱུང་བ་མེད།། ཕྲིན་ག་ཞི་རྣམ་ཤེས་འབྲང་བའི་བྱ།། སྲེད་གསམ
307b3 འདས་པ་དང་།། ཕྱི་ནང་དུས་གསུམ་བསྡུས་པའི་ཆོས།། ཐམས་ཅད་མཉམ་ཉིད་གཅིག་པ་དེ་དང་།། རང་བཞིན་ལྡན་གྱིས་གྲུབ་པའི་སྐུ།། བདེ་བ་ཆེན་པོས་ཡོངས་ལ་3་།། དེ་ཉིད་མ་རྟོགས་ཀུན་གཞི་ལ།། ཡེ་ནས་གནས་པས་རྒྱུ་ཞེས་བྱ།། དེ་ཡང་འདུས་པ
307b4 སྙིང་པོ་ཉོན།། ཀུན་གཞི་སློབ་མེད་པའི་དབྱིངས།། གང་གིས་མ་བསྐྱེད་རང་བཞིན་ཏེ།། མ་སྨོས་ཀུན་བྲལ་ཁྱབ་པའི་དབྱིངས།། རྐྱེན་གྱིས་བྱས་པ་ག་ལ་སྲིད།། གསལ་བའི་རྒྱུ་རྐྱེན་མེད་པ་ལ།། ཀུན་གཞི་གཉེན་པོ་ཡེ་ཤེས་ཀྱིས།། འཇིག་པར་འགྱུར་བས་རྐྱེན
307b5 གྱིས་བསྐྱེད།། རྐྱེན་ནི་ཆོས་དབྱིངས་ཆོས་སུ་ལས།། ཐ་དད་མེད་ཀྱང་དེ་ལྟར་སྣང་།། ཆོས་དབྱི་དྲ་གཅིག་ཀྱང་ཀུན་གཞི་རྐྱེན།། ཆོས་སྐུ་རྟོགས་དང་མ་རྟོགས་མེད།། ཡེ་ནས་ཀུན་འཁྱབ་པར་གནས།། ཆོས་ཉིད་སྣང་དང་མི་སྣང་མེད།། ཆོས་དབྱིངས་ཆོས་སྤར
307b6 འདུས་མོད་ཀྱང་།། མ་དངས་ཐ་དད་ལྟ་བུར་སྣང་།། དེ་ཡི་གྱེན་གྱིས་རྟོག་པ་བྱུང་།། དེ་ཕྱིར་གང་ཡང་རྟོག་པའི་རྐྱེན།། རྟོག་པའི་མཛུ་བརྟས་ཀུན་གཞིར་འགྱུར།། ཆོས་ཉིད་ཆོས་སྒྲའི་རྐྱེན་ཡིན་པས།། གླུ་རྐྱེན་མི་མཚུངས་པ་དད་ཡོད།། གདགས་ཤིང་བརྗོད་པ་ཐམས
307b7 ཅད་ནི།། མ་སྐྱེས་པ་ཡི་ཆོ་འཕྲུལ་ལས།། རང་བཞིན་མཉམ་པས་གཅིག་ཟེར་ན།། ཐམས་ཅད་རང་བཞིན་དང་གིས་གཅིག། ཡེ་ནས་སྤོས་བྲལ་བརྗོད་པས་འདས།། རྩོད་གཞི་ཀུན་གཞ་རང་ཡང་མེད།། འཁོར་བ་མྱང་འདས་བརྗོད་དང་བྲལ།། དེས་ན་མི་མཚུངས་སོ




iiif viewer powered by OpenSeadragon

307a - 308a

Texts on this page

Gdg001.22 - rdzogs pa chen po shin tu rnal 'byor sangs rgyas thams cad 'byung ba'i rgyud / ye shes chos kyi sku don 'dus rig pa'i gsung/ gsang ba thugs kyi ting nge 'dzin / rang byung bde ba 'khor lo mthar phyin 'bras bu'i rgyud