| | e-texts navigator
|
307a1 ། དེ་ནས་འདུས་པའི་འའད་རྣམས་པ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། འཁོར་བའི་རྩ་བ་ཀུན་གཞོན།། ཐོག་མ་ཐ་མ་འགྲོའང་མེད།། ད་ལྟད་ལས་སོ་གཞན་ཏོ།། སུས་ཀྱང་མ་བྱས་རང་བཞོན་གནས།། དོན་ཐུན་མོང་སྤྱོང་བསྟན་ཡིན།། དུས་གསུམ
307a2 འགྲོའོང་མེད་འདོད་པ།། ཐོག་མ་གང་ནས་མ་འོངས་ན།། ཐམ་དེ་ལས་གནས་འགྱུར་ཏེ།། ཐམ་བག་ཆགས་བྱང་གྱུར་ནས།། མེ་ལོང་ཡེ་ཤེས་གནས་འགྱུར་ཚེ།། ཀུན་གཞིའི་མིང་མེད་གཏན་དུ་སྟོངས།། དེ་ཕྱེད་ཐོག་མ་ཐ་མ་དང་།། དེ་ལྟ་འགྲོའོང་ཡོད་པར་ངེས།། ཚོ
307a3 རྣམས་ཐམས་ཅད་མངོན་སངས་རྒྱས།། རང་བྱུང་བདག་ཉིད་ཆེན་པོ་ལ།། མངག་མཚན་མ་སྣ་ཚོགས་ཀྱིས།། བག་ཆགས་མཐུ་བརྟས་ཀུན་བཞིར་གྱུར།། དེ་ཕྱི་ཀུན་གཞི་འབྲང་བའི་གནས།། དང་པོ་མ་རིག་པ་ལས་བྱུང་།། དེ་ལྟར་ཁམས་གསུམ་སེམས་ཅན་དང་།། ཉན་ཐོས
307a4 བྱང་ཆུབ་སེམས་དཔའ་ལ།། ཐུན་མོང་དང་ནི་མ་ཡིན་པར།། ཀུན་གཞི་བག་ཆགས་རང་བཞིན་གནས།། དེ་ཡང་འཁོར་གྱི་སེམས་དཔའ་ཉོན།། ཆོས་ཉིད་དུས་གསུམ་འདུས་མ་བྱས།། སྤྲོས་པ་ཀུན་བྲལ་འགྱུར་བ་མེད།། རྟག་པ་ཆེན་པོར་ལྷན་གྱིས་གྲུབ།། རང་ཀྱང་ཆེན་པོར།
307a5 མངོན་སངས་རྒྱས།། ཀུན་གཞི་མ་རིག་མཚན་མར་ཞེན།། རྟོག་པའི་བག་ཆགས་སྣ་ཚོགས་ཡིན།། མཐར་ཡང་རང་བྱུང་ཡེ་ཤེས་ཀྱིས།། བག་ཆགས་ཀུན་བཅོམ་ཤིན་ཏུ་སྟོང་།། གཏན་མེད་སྟོང་པ་ནི་ཆོས་ཉིད་ལ།། མུ་སྟེགས་ཆད་ལྟར་ཡང་དག་འགྱུར།། ཆོས་སུ་ཡོད་མེད།
307a6 གཉིས་དང་བྲལ།། གཏན་མེད་སྟོང་བ་ཆད་ལྷ་ཡིན།། རྫོགས་པ་ཆེན་པོ་དོན་དདུས་རང་ཐུང་བདེ་བའི་འཁོར་པོའི་རྒྱུད་ལས། ཀུན་གཞི་དང་པོ་དེ་ལྟ་ཐ་མ་གང་དུ་འགྲོ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་འདྲས་པའི་ཚོགས་རྣམས
307a7 ལརྔ། ཀུན་རིག་སྟོན་པས་བཀའ་སྩལ་པ།། མཚན་ཉིད་དང་ནི་རྒྱུ་རྐྱེན་དཔེ།། དང་པོ་ཀུན་གཞིའི་མཚན་ཉིད་ནི།། དངོས་པོར་མི་འཐུར་གཏན་མེད་དང་།། དུས་གསུམ་ཤེས་པ་སྐད་ཅིག་རྐྱེན།། ཆད་པ་མེད་པར་གནས་ཕྱིར་རོ།། ཀུན་གཞི་བྱང་ཆུབ་སེམས་ཀྱི་དང་།
iiif viewer powered by OpenSeadragon
306b - 307b