e-texts navigator
Collection
Volume
Page
Wylie

302b1 མམས་དས་དུན་གནས།། ངས་ལྷ་ཡོ་སནས་ཅན་།། ང་དགང་སདུས་ས་པ་གྱུ་ས།། དགའངན་ལམམ་པ་དབང་འགྱུར་།། ངས་དན་ང་ག་སུས་པག།། ན་ཅ་། ཐབ་དག་འགསམས་དགགས།། ཛདན།
302b2 མ་བཅད་པའི་ཕྱིར།། བདེན་པའི་ཡིད་ཀྱིས་འདི་སྐད་ཞུས།། སེམས་ཉིད་མི་འགྱུར་རྡོ་རྗེ་ལ།། སྐྱེ་ཞིང་འཐུང་བ་དི་ལྟར་ལགས།། གཞི་ཉིད་མི་འགྱུར་དངའ།། ཀྱེ་ཤི་ཡོད་པ་ན་ཡིད་ཏེ།། དང་ཤིན་མ་ཏོག་གཟུང་འཛིན་གྱི།། ཎར་ལུས་ལ་ནི་གྱུར།། ཉིད
302b3 ལབས་མ་སྲུབས་པར།། ཡོན་ཏན་འབྲས་བུཇི་ལྟར་འཆར།། ཏཱཥྛ་ཀ་ཡི་རྒྱན་བཞིན་དུ།། ཡེ་ནས་གནས་པའི་ཆོས་ཉིད་ལས།། རྒྱུ་འབྲས་མཐར་ཕྱེན་གཞི་ནས་རྫོགས།། ཉི་མའི་འོད་བཞིན་འབྲས་བུ་འབྱུང་།། སེམས་ཉིད་པདྨ་ལྟང་དྲག་ལ།། གཟུང་འདོན་ཐམས
302b4 ཇི་ལྟར་དགོས།། པདྨ་འདས་ཀྱིས་མི་གོས་ལྟར།། བྱང་ཆུབ་སེམས་ཀྱི་ངོ་བོ་ལ།། གཟུང་འཛིན་དྲི་མ་གཞི་ལ་མེད།། འཕྲུལ་པའི་སྒྲོལ་དྲི་མ་བྱུང་།། བཙལ་མེད་སེམས་ཀྱི་རང་བཞིན་ལ།། འགྲོ་དོན་མ་ད་པ་ཇི་ལྟར་ལགས།། རང་བྱུར་ཆོས་སྤུ་རྟོགས་བྱ་ན།། བྱ་བའི་ལས
302b5 རྣམས་མི་དགོས་ཏེ།། ནོར་བུ་རིན་ཆེན་རྙེད་པ་བཞིན།། མཛད་པའི་ཕྲིན་ལས་རང་ལས་བྱུང་།། ཆོས་ཉིད་ཡེ་ནས་དང་ཆས་ལ།། ཟོས་བསམ་དགོས་པ་མ་ཡིན་ཏེ།། མ་རིག་མུན་པ་བསལ་བའི་ཕྱིར།། ལུང་ལྡན་གྱེན་གྱིས་ཡིད་ཆེས་སྐྱེས།། ཆོས་ཉིད་ཡེ་ནས་འོད་གསལ་ལ།།
302b6 བྱེད་ནོད་འབྱུང་བ་ཇི་ལྟར་ལགས།། ཆོས་ཉིད་ཡེ་ནས་འོད་གསལ་ཀྱང་།། རྣམ་སྨིན་ལུས་དང་མི་ཟིལ་ཕྱིར།། ལྡོག་ནོན་གདམས་དག་མེད་པ་ལས།། ཚོགས་བརྒྱད་རྐྱེན་གྱིས་བྱིང་རྒོད་བྱུང་།། ཡེ་ནས་རང་བྱུང་འགྱུར་མེད་ལ།། འཕེལ་འགྲིབ་འབྱུང་བཇི་ལྟར་ལགས
302b7 རང་བྱུང་ཡེ་ཤེས་སྙིང་པོ་ལ།། འཕེལ་འགྲིབ་ཡོད་པ་མ་ཡིར་ཏེ།། མ་རིག་མུན་པ་མ་སེལ་ཕྱིར།། ཀུན་གཞིའི་རྐྱེན་གྱིས་འཕེལ་གྱུར་ཏེ།། གཞི་ལ་ཐོག་མཐའ་མེད་པ་ལ།། འཁོར་འདས་ཐོག་མཐའ་འབྱུང་བ་ཅི།། གཞི་ཉི་དབུས་གསུམ་མི་འགྱུར་ལ།། བྲོ་རིས




iiif viewer powered by OpenSeadragon

302a - 303a

Texts on this page

Gdg001.22 - rdzogs pa chen po shin tu rnal 'byor sangs rgyas thams cad 'byung ba'i rgyud / ye shes chos kyi sku don 'dus rig pa'i gsung/ gsang ba thugs kyi ting nge 'dzin / rang byung bde ba 'khor lo mthar phyin 'bras bu'i rgyud