e-texts navigator
Collection
Volume
Page
Wylie

302a1 ཕྱག་དང་། ས་ཏམ་ཐ་མ་ཏ་ཡག་གས་ཆུད་ཡཏན་ཐ། !། བྷྱ་ཀྵ་ནས་མུ་པ་སྨྲས་པ་མས་མནྟས་ཡ་ས་བཙ་རྟུག་ཏ་པ་ལ་མ། བོད་ས་དུངདུ། རྫོགས་པ་ཅན་པ་ཤན་ཏུན་ལ་འགྱུར་སངས་ནས་ཐམས་ཅད་འཐུང་བ་ཏུ
302a2 ཡེ་ཤེས་ཆོས་ཀྱི་སྒྲ་དོན་འདུས་རིག་པའི་གསུང་། གསང་བ་ཐུགས་ཀྱི་ཏིང་ངེ་འཛིན། རང་བྱུང་བདེ་བའི་འཁོརོལ་མཐར་ཕྱིན་འབྲས་བུའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་རང་བྱུང་རིག་པའི་རྒྱལ་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་གསུངས་པའི་དུས
302a3 གཅིག་ན།། ངབོ་ཉིད་རྟོགས་ཀུན་བཟང་དེ།། བདེ་གཤེགས་འོག་མིན་གནས་མཆོག་ན།། རིགས་ལྔ་ལ་སོགས་འཁོར་རྣམས་དང་།། འབྲལ་མེད་དགོངས་པ་ལ་བཞུགས་སོ།། དེ་ཚེ་སེམས་དག་དོན་ཆེད་དུ།། ཡེ་ཤེས་ལྷ་ཡི་རྨི་ལམ་གསུམ།། དེ་ཡི་བརྡའ་ཡི་དོན་བཀྲོལ་ནས།།
302a4 ལྷ་དབང་གིས་ནི་དོན་བསྐུལ་བ།། དུས་གསུམ་སངས་རྒྱས་མ་ལུས་ཀུན།། གསུང་གི་མངའ་བདག་ཁྱོད་ཡིན་པས།། རྩོལ་བཅས་ཐེག་པ་མཐར་བསྟན་ན།། རྩོལ་མེད་ཐེག་པ་མི་གསུང་བ།། ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི།། སྐལ་ལྡན་གདུལ་བྱ་མ་མཆིས་སམ།། ལྡན་དུ
302a5 ཐེག་པ་བཤད་དུ་གསོལ།། སངས་རྒྱས་ཀུན་གྱི་ངེས་པའི་དོན།། རྡོ་རྗེ་སེམས་དཔའ་ཁྱེད་ཡིན་པས།། ཚིག་གཅིག་དོན་ཀུན་རྟོགས་པའི་ཆོས།། བཙལ་མེད་དོན་དང་ཕྲད་པར་ནི།། ཆོས་ཉིད་གནས་ལྤགས་ཇི་ལྟ་བ།། སེམས་ཅན་བློ་ཡིས་རྟོགས་པའི་ཐབས།། རེས་དོན་ཀུན་བཅང
302a6 ཀོས་སྐུ་ཡིས།། དུས་འདིར་བདག་ལ་བཤད་དུ་གསོལ།། ཡང་དག་ངེས་དོན་རྒྱུད་ཆེན་འདི།། སྣོང་ངན་རྣམས་ལ་ངས་བཤད་དུ།། རྫོགས་ཆེན་སྐྱེ་མེད་དོན་བཟང་ཡང་།། མ་རྟོགས་པ་ལ་སྡིག་མོར་ཆེ།། དེ་སྐད་གསུངས་པའི་དོན་གོ་ནས།། འཁོར་རྣམས་རབ་ཏུ་གུས་པ་ཡིས།།
302a7 སེམས་ཀྱི་གདུང་བ་བཏོན་ནས་ནི།། སྣོད་དང་ལྡན་པར་དམ་བཅས་ནས།། དང་བའི་དད་པའི་ཡིད་ཀྱིས་འཁོད།། དེ་མོ་སྟོན་པ་ཀུན་བཟང་གིས།། འཁོར་རྣམས་ལ་ནི་ཐུགས་དགོངས་ཏེ།། ཡང་དག་གསང་བའི་ངེས་དོན་འདི།། རང་བྱུང་ཆོས་སྐུས་བྱིན་བརླབས་བཤད།།




iiif viewer powered by OpenSeadragon

301b - 302b

Texts on this page

Gdg001.22 - rdzogs pa chen po shin tu rnal 'byor sangs rgyas thams cad 'byung ba'i rgyud / ye shes chos kyi sku don 'dus rig pa'i gsung/ gsang ba thugs kyi ting nge 'dzin / rang byung bde ba 'khor lo mthar phyin 'bras bu'i rgyud