| | e-texts navigator
|
300b1 གྱི་ནང་དགུ་རུ་བྱེ་བ་ཡང་།། གདུལ་བུའི་འཁོར་ལ་ཐདད་པས།། དོན་ལ་དབྱེར་མེད་གཅིག་གི་བ།། རྫབ་ཆོས་སུ་རྟོགས་པ་གྱིས།། སངས་རྒྱས་ཐམས་ཅད་ཀྱི་གོངས་པ་ཆོས་སུག་ཅིག་ཏུ་འདུས་འ་བཀའ་བ་གྲོས་པའི་ནན། རྔནམ་ཟླ་རན་ཏན་ཀུན་འབྱུང་གི་ཁྱུད་ལས། ཆོས་སྨི
300b2 སྤྲུལ་པ་གཟུགས་སྤྱན་མ་གཉིས་ཀྱིས་གཞན་དོན་བྱེད་པར་བསྟན་པའི་ལེབ་སྟེ་རེ་གསམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ལ།། འབྲས་བུ་ལྡན་གྲུབ་བཀའ་སྩལ་པ།། པ་ན་སེ་ཡི་ཤིང་ཐོག་བཞིན།། རྒྱུ་རྐྱེན་འབྲས་བུ་ཐད་མེད།། དེ་བཞིན་གཞིལ་མ་འབྲས་བུ་ཡང་།། ཇོ་བོ་གཅིག
300b3 ཕྱིར་དབྱེ་དྲ་མེད།། དེ་ཕྱིར་རིན་ཆེན་ལྡན་རྫོགས་ཡིན།། དེ་ཡང་འདུས་པའི་སྙིང་པོ་ཉན།། ལུང་ལྡན་ངེས་པའི་གདམས་ངག་གིས།། རྟོག་པ་བཞག་པས་མངོན་སངས་རྒྱས།། མ་རིག་མེད་པའི་ཡེ་ཤེས་ལ།། ཟླ་བའི་ཕུང་པོ་ལེན་མི་སྲིད།། དེ་ཡང་འདུས་པའི་སྙིང་པ་ཏོན།། གོང་དུ་བསྟན
300b4 པའི་གཞི་ཉིད་དང་།། ཉམས་སུ་ཟད་པོའི་ཉམས་དང་ནི།། འབྲས་བུ་མཐར་ཐུག་ཡིན་པའི་ཕྱིར།། ལམ་ཉིད་ལམ་ལ་ལམ་ཉིད་གཞི།། དེ་ཉིད་གཅིག་ཤེས་འབྲས་བུ་མཆོག། དེ་ཉིད་རྒྱུ་འབྲས་རོ་གཅིག་པས།། དམན་པའི་ལུས་ལ་སངས་རྒྱས་ཡིན།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།།
300b5 ལྟར་རྟོགས་པའི་རྣལ་འབྱོར་བས།། དུས་འདིར་ཆོས་ཉིད་བདེན་པ་མཐོང་།། སྤུན་ལྷ་རིམ་གྱིས་ཅིག་ཅར་དུ།། སྔར་མ་མཐོང་ང་པོ་ཞིང་ཁམས་གསུམ།། ཡེ་ཤེས་མིག་གིས་དུས་གཅིག་མཛང་།། ལུས་དང་མ་བྲལ་རིག་པ་ལ།། འཆང་ནུབ་མེད་པ་ལ་མ་ཤེས་རྐར།། མ་ས་རཱ་པ་པཾ་ལྷག་མཐོང་ལ།། མི་བརྗེད་པ་མ
300b6 གཟུངས་ཀྱིས་ཟིན།། མཐོས་པ་ཡི་བདུད་ཅི་མྱང་།། མ་བསྒྲུབས་པ་ཡི་འབྲས་བུ་ཐོབ།། དེ་ཡང་རྡོ་རྗེ་སེམས་དབང་ཉོན།། རང་ཉིད་ཀར་འདུག་ཆོས་ཀྱི་དབྱིངས།། སུ་དང་འགྲོགས་ཀྱང་ཀྱལ་བའི་སྲས།། གང་དུ་འགྲོ་བ་བུང་ཆུབ་ལམ།། ཐུན་མོང་དངོས་གྲུབ་ཐིབས་མ་འགྲུབ།། ཕྱི་མང་སངས་རྒྱས་སྤོས་ཀྱི
300b7 དགོས།། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པཆོས་སུ་གཅིག་ཏུ་འདུས་པར་བཀའ་འགྲོས་པ་དོན། ཛིན་མ་ཐོ་ཡོན་ཏན་ཀུན་འབྱུང་གི་ཆུད་ལས། གཞིའམ་གཅིག་པའི་འབྲས་ཟེར་བསྟན་པའི་ལེའུ་གྱུ་བ་ནི་།། ། དེནས་པང་རིག་རྒྱ་པོ་ཡིས།། འདུས་པའི་འཁོར
iiif viewer powered by OpenSeadragon
300a - 301a