| | e-texts navigator
|
297b1 བསྔོས་པའི་དོན། རིན་པོ་ཆ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། དུས་ད་ལྟ་ཉིད་དུ་རྟོགས་པར་བསྟན་པར་ལེའུ་སྟེང་བརྒྱད་པའོ།། ། དམ་མྱུའ་དུ་སེམས་ལྷག་གིས།། ངན་ཏུ་མཚོལ་ངས་ལ་བ་བྱེར།། ནར་སེམས་ལ་དན་དུས་པ།། གཞལ་འཐུང་ང་མེད་པས་ན།།
297b2 སེམས་ཅན་མེད་པའི་ཕྱིར།། ཐུགས་རྗེ་རྒྱུན་ཆད་འགྲོ་དོན་མེད།། ཚད་དང་ཁྱོད་མེད་མི་འགལ་ལམ།། དེ་སྐད་ཞུས་པའི་དོན་གས་ན་ནས།། རིག་འཛིན་འཁོར་ལ་བཀའ་སྩལ་པ།། ཡེ་ནས་དག་པའི་གཞི་ཉིད་པ།། དུས་གསུམ་དག་ཏུ་འགྱུར་མེད་པས།། ཟད་པ
297b3 །། ཆོས་སུ་སེམས་ཅན་ཀུན་ཁྱབ་པས།། ཐུགས་རྗེའི་རྒྱུན་ནི་ཅིལ་འཆད།། ཡོད་པས་མེད་སོང་མ་ཡིན་པས།། ཆད་པའི་སྲུང་བ་གང་ལ་འདེབས།། དོན་ལ་སངས་རྒྱས་སེམས་ཅན་མེད།། གཞི་ཤེས་འབྲལ་མེད་གཅིག་པུས་ཆོག། དེ་ཡང་འདུས་པའི་སྙིང་པོ་ཉན།
297b4 རིག་རྨོངས་པའི་ལོག་སྟ་ཅན།། འདུས་མ་བྱས་པའི་ཆོས་ཉིད་ལ།། འབྱུང་བཞི་ཐབས་ཀྱིས་ཚང་གོས་ཟེར།། རང་ཡིད་ཁྲ་བོར་ཡོད་པ་ལ།། རང་རིག་ཡིན་འདོད་རྨོངས་པ་ཀུན།། འབྱུང་བ་དངོས་སྙིགས་གཞིར་ཞེན།། འདུས་བྱས་འཐུང་བའི་ཁ་དོག་ལས།། ཡེ་ཤེས་ལྡན
297b5 ཛད་ལྡར་འདོད།། ཕྱི་ནང་ཕུད་ཁམས་སྐྱེ་མཆེད་ཀུན།། ནན་གྱིས་གཟུགས་སུར་བློས་བསྒྱུར་ཀྱང་།། ཡུལ་གྱི་འབྲེལ་པ་མཆོད་ཕྱིར།། སངས་རྒྱས་མི་འབྱུང་ཤིན་ཏུ་གོལ།། དྲ་སྦལ་སུ་ལ་གོས་བྱེད་འདྲ།། ཕྱི་སྣོད་མི་འགྱུར་བཅུད་འགྱུར་ཟེར།། གཞི་ལ་འབྱུང་བ་མེད་པའི་ཕྱིར།།
297b6 བདོག་ལྔ་དང་འོད་ལྡནི།། གཞི་མི་ཤེས་ལ་སྣང་བ་ལས།། དོན་ལྡན་ཀུན་ལ་གདོད་ནས་མེད།། ད་ཡང་འདུས་པའི་སྙིང་པོ་ཉོན།། གཅིག་ལ་ཡོན་ཏན་ཀུན་སྣང་སྟེ།། གང་ཡང་མི་འགལ་ཆོས་སུ་ནི།། རང་རང་མཐོང་སྣང་སོ་སོ་ལ།། བཟང་ཏོག་གཟུགས་སྲན་མ་གཉིས་འབྱུང་།
297b7 ངན་རྟག་འགྲོ་དྲུག་ལུས་སྡང་བ།། གཞི་ལ་གཉིས་ཀ་མེད་ལས་བྱུང་།། ཟུང་ཡང་ཕན་གནོད་གཉིས་ཀ་མེད།། དེ་ཕྱིར་འཁོར་འདས་མ་རིག་ཆོས།། དེ་ཡང་འདུས་པའི་སྙིང་པ་ཉོན།། འཁོར་གྱིས་བརྒྱའི་སེམས་དཔའ་ཡིས།། རང་ལ་ཡོད་པ་མ་རྟོགས་པས།། འགྲོ་དོན་རྩེད
iiif viewer powered by OpenSeadragon
297a - 298a