e-texts navigator
Collection
Volume
Page
Wylie

293a1 གཞན་ནས་བཙལ་དུ་རྡུ་ལ་ཙམ་མེད།། རེ་དོགས་མེད་ཕྱིར་གཞི་དང་བྲལ།། འགྱུར་བ་མེད་པས་ཀུན་གྱི་གཞི།། དེ་རྟོགས་སངས་རྒྱས་ཀུན་དང་ཕྲད།། དེ་ཡང་འདྲས་པའི་སྐང་བ་ཉོན།། སངས་རྒྱས་དགོངས་པ་ཐམས་ཅད་ནི།
293a2 ད་ལྟའི་དུས་འདིར་དོན་གོ་བས།། ཕྱི་མར་དགེ་བའི་སྟེགས་མི་དགོས།། དེ་ཕྱིར་དགོངས་པའི་འདུ་ཤེས་མེད།། ཉམ་ང་ཡིད་གཉིས་རྟག་བྲལ་བས།། རུང་དང་མི་རུང་ཐ་སྙད་བྲལ།། དེ་ཕྱིར་ཀུན་བཟང་ཐུགས་དང་མཉམ།། དེ་ཡང་འདུས་པའི་སྙིང་མོ་ཉོན།། རྒྱར་ལུང
293a3 མན་ངག་ལྟ་སྐོམ་དེ།། རིག་མེད་འབྱུང་བ་རྣམ་ལྔ་ཡང་།། སྨྲེ་འདྲའི་ལུང་གིས་ལོག་བསྟན་པས།། རང་འཁྲུལ་སེམས་ཀྱི་རྩོལ་བ་ཡིས།། སྤང་སྦྱང་བསྒྱུར་འཇིག་ལ་སོགས་པ།། ཐབས་མང་དཀའ་བ་སྣ་ཚོགས་ཀྱིས།། གཉེན་པོ་བསྐྱེད་དང་རྫོགས་པ
293a4 ཡིས།། ལྷག་པར་ཏིང་འཛིན་ཅི་བསྒོས་ཀྱང་།། ཡུལ་དང་འབྲེལ་པ་མཆོད་ཕྱིར།། རྟགས་དང་ཉམས་ནི་ཅི་བྱུང་ཡང་།། བེ་མ་རིག་ཤན་འདི་མ་བྱེད་ན།། ཉམས་མྱོང་བཟང་ཡང་འཕྲུལ་པ་ཡིན།། དེ་ཕྱིར་ཡུལ་སེམས་གཅིག་ཟེར་བ།། དེ་ལྟ་མཁས་ཀྱང
293a5 སངས་མི་བྱ།། དེ་ཡང་འདུས་པའི་སྙིང་པོ་རྟོན།། དེ་དག་གཞི་དེ་རྟོགས་པ་དང་།། མ་རྟོགས་ཆུད་པ་མཆོད་ཀྱང་།། འཕྲུལ་དང་མ་འཁྲུལ་སྐྱེ་བ་ལས།། དོན་ལ་རྒྱུད་ལུང་ཆོས་མི་དགོས།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སྐུ་གཅིག་ཏུ་འདུས་པར་བཀའ་བསྲོས་པའི་དོན།
293a6 རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མ་བསྒོམ་གོ་ལམ་མེད་པར་བསྟན་པའི་ལེང་སྟེ་ཞེ་དགུ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། གནས་ལུགས་ཉམས་ནི་བཀའ་སྩལ་པ།། ཆོས་རྣམས་ཀུན་གྱི་རྩ་བ་ནི།། རང་བྱུང་ཡེ་ཤེས་རྟོགས་པའི་དོན།
293a7 ད་ལྟ་ཉིད་དུ་ཉམས་སུ་མྱོང་།། བདི་ལྡན་སངས་རྒྱས་ཀུན་དང་མཉམ།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། ཡེ་ནས་གནས་པར་དོན་གོ་བས།། སྒྲིབ་ཁྱོད་ཚོགས་བསགས་བྱ་མི་དགོས།། རང་བཞིན་གཞི་ཡི་གནས་ལུགས་ལ།། བྱར་མེད་བསྒྲུབ་མེད་དོན་ཤེས་པས།། བསྙེན་བསྐུ




iiif viewer powered by OpenSeadragon

292b - 293b

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud