e-texts navigator
Collection
Volume
Page
Wylie

292b1 ངེས་པ་དོན་གྱི་རིག་པ་ནི།། རིགྲ་དང་བཤལ་དང་འོས་པ་དང་།། འབྲད་དང་མ་ནོར་དོན་དང་ལྡན།། དེས་དོན་བཀའ་ནི་ཡིད་ཆེས་ཁུངས།། རིག་པ་ཉམས་མྱོང་གདེང་གིས་ཟིན།། ལུང་རིགས་གཉིས་འཛོམ་རྟོག་པས་ཆོག། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ
292b2 སྐུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། མཐའ་དབུས་མེད་པའི་ཉམས་བསྟན་པའི་ལེའུ་སྟེ་ཞེ་བརྒྱད་པའོ།། ། དེ་ནས་འདུས་པའི་སྙིང་པོ་ལ།། ཀུན་རིག་སྟོན་པ་ཆོས་ཆེ་ཡིས།། མ་བསྒོམས་གོལ་མེད
292b3 བཀའ་སྩལ་པ།། ལུང་ལྡན་ངེས་པའི་གདམས་ངག་གིས།། ད་ལྟའི་ཤེས་པ་འདི་ཉིད་ལ།། གང་ཡང་མ་བསམཱ་མ་དཔྱད་པ།། དོན་གྱི་གནས་ལུགས་ཆོས་སུ་ནི།། ཡེ་ནས་གནས་པའི་གཞི་ཉིད་ལ།། འདི་ཡིན་ཏེ་གཅིག་མི་བསྒོམ་པས།། མ་བསྒོམས་རང་ཡན་བཞས
292b4 གྱུར་ཀྱང་།། ལྟ་བའི་གདེང་གིས་ཟིན་པའི་ཕྱིར།། རང་སེམས་འཁྲུལ་པར་གོལ་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། ངོ་སྐད་རང་ཤར་གྱེན་ཐུབ་ཀྱང་།། ངེས་པར་གཞི་དང་གཅིག་ཤེས་ན།། རང་སེམས་སྙིང་པོ་རྟོགས་པའི་ཕྱིར།། དེ་ལ་ཆེད་དུ་བསྒོམ་མི་དགོས།།
292b5 ཡོད་མེད་ལ་སོགས་གང་རུང་གི།། མཐའ་རྣམ་ཆོས་ཉིད་ཡིན་ཤེས་ན།། མཞེན་བློ་ལ་བརྟེན་དུ་མེད།། ཞེན་པ་དག་གཅིང་སྤང་མི་དགོས།། དེ་ལྟར་རྟོགས་པའི་དད་ལྡན་གྱིས།། མ་བསྒོམས་གང་དགང་བཞག་གྱུར་ཀྱང་།། ཡུལ་དང་གོལ་ས་ཆོད་པའི་ཕྱིར།། ཐ་མལ
292b6 གོ་ལས་འབྱུང་མི་སྲིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། དེ་ལས་ལྷག་པའི་བོགས་འདོན་ནི།། རེ་བ་ཡོད་ཕྱིར་གཞི་མི་ཤེས།། དེ་ཕྱིར་བོགས་འདོན་ཐམས་ཅད་ནོར།། ཡུལ་མེད་རང་གསལ་བསྒོམ་མི་དགོས།། དེ་དོན་ངེས་པར་དོན་གོན།། གཞི་ལས་ལྷག་པ་རྡུལ
292b7 ཙམ་མེད།། དེ་ཕྱིར་བྱ་བཙལ་ཡེ་བྲལ་བས།། གང་ལྟར་བྱས་ཀྱང་ཆོས་སྐུར་རྟོགས།། དེ་ལས་ལྷག་པའི་ཆོས་གཞན་མེད།། དེ་ཕྱིར་ཚེགས་མེད་དོན་པོ་ཆེ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། རང་བྱུང་ཡེ་ཤེས་གཞི་ཉིད་ནི།། ད་ལྟའི་རིག་པ་འདི་ཤེས་པས




iiif viewer powered by OpenSeadragon

292a - 293a

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud