e-texts navigator
Collection
Volume
Page
Wylie

292a1 སྤྱོད་བརྒྱད་དང་།། སངས་རྒྱས་དྲང་ནསེམས་ཅན་དང་།། མཐ་ས་ངན་སང་དག་དང་དག། དབྱོ་བ་མྱ་ན་འད་དང་དྲུག། བཟང་ངན་ན་ཆུང་བཁྲོད་པན་དང་།། འསྒོམ་དང་མ་བསྒོམས་རྟེན་མནན།། ཡོན་ཏན་ཡོན
292a2 འགྲིབ།། ཕན་དང་གནོད་པ་ལ་སོགས་པའི།། ཐ་སྐད་གཉིས་གཉིས་བསྡུས་པ་ཀུན།། མཐའ་བསལ་དབུ་མ་མི་འགྲུབ་པས།། ཕྱོགས་རེའི་ཞེན་པ་གཞིལ་མེད།། མ་ཞེན་བློ་ཡི་འཛིན་པ་བྲལ།། དེ་ཕྱིར་ཆོས་དབྱིངས་མཐའ་དབུས་ཐལ།། དེ་ཡང་རྡོ
292a3 དཔའ་ཉོན།། ཡེ་ནས་མེད་པའི་ཆོས་ཉིད་ལ།། སྤྲོ་དང་སྐུར་པ་གང་ལ་གདབ།། གང་ཡང་ཆོས་ཉིད་ཡིན་ཤེས་ན།། ཞེན་དང་མ་ཞེན་ལ་སོགས་བྲལ།། གང་དྲན་གཞི་དང་མི་འགལ་ན།། བསྒོམ་དུ་མེད་པའི་གཞི་དང་ཕྲད།། ཞེ་འདོད་མེད་པས་སངས་རྒྱས་སོ།། དེ་ཡང
292a4 འདུས་པའི་སྙིང་པོ་ཉོན།། ད་ལྟའི་ཤེས་པ་འདི་ཉིད་ལ།། དཔག་དང་གཞལ་ལས་འདས་པའི་ཕྱིར།། ཅི་ལའང་མི་གནས་ནམ་མཁའ་འདྲ།། དེས་ལུང་ལྡན་པས་དེ་ལྟར་གོ།། མཐའ་རྣམས་གཞི་ལ་མེད་པའི་ཕྱིར།། གང་ཡང་མི་སྤངས་སྒོ་མི་གདགས།། ཞེན་མེད་སྟོང
292a5 པར་སྐུར་མིག་དང་།། གང་ཡང་རང་རིག་ཆོས་སྐུལ།། གདམས་ངག་མེད་པའི་མི་རྣམས་ཀྱིས།། མནོས་ཤིང་བྱས་པ་ཐམས་ཅད་གོལ།། མ་མནོས་དྲན་པ་གོལ་བ་མེད།། དེ་ཡང་རྡོ་རྗེ་སེམས་དཔའ་ཉོན།། མཐངའ་ཡི་འཛིན་པ་སྣ་ཚོགས་ཀྱིས།། མཚན་ཉིད་ཤེས་པ
292a6 ཉམས་ཀྱི་མཆོག། ཆེད་དུ་མ་བསྒོམ་དོན་དུ་ཟབ།། བསྒོམ་པའི་ཤེས་པ་དཔག་པའི་ཕྱིར།། ཞེ་ལ་མ་མནོས་སྡུག་བསྔལ་བྲལ།། ཚིག་ཏུ་མ་སྦས་བརྗོད་ལམ་འདས།། དེ་དོན་གོལ་བར་མིང་འདོགས་བཞིན།། རྟོགས་པ་ཤར་ནས་བསྒོམ་མི་དགོས།། ཤེས་པ་གསལ་ལ་འདོག
292a7 མེད།། རང་ཡན་བཞག་པས་མཐའ་དབུས་མེད།། གྱི་ནར་བཞག་པས་ཆོས་སྐུར་གསལ།། དེ་ཡང་འདུས་པའི་སྙིང་པོ་ཉོན།། སྡེ་སྣོད་ཆོས་ལ་མཉན་མི་ལངས།། ཐ་སྙད་ཆོས་ལ་བཤད་མཐང་ཟད།། ཚིག་གི་ན་ཡམ་བྲིས་མི་ཟིན།། འཇིག་རྟེན་གཏམ་ལ་ཟད་པ་མེད།།




iiif viewer powered by OpenSeadragon

291b - 292b

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud