e-texts navigator
Collection
Volume
Page
Wylie

291b1 དེ་ཡང་འདུས་པའི་སྙིང་བཞིན།། གཉེན་པོ་དང་ནི་མི་མཐུན་པ།། སྙིང་རྗེ་ཞེ་སྡང་གཉིས་ཀ་ལ།། ཆོས་ཉིད་ཁྱབ་པར་གཅིག་པའི་ཕྱིར།། བླང་དོར་མེད་པའི་དོན་ཤེས་ན།། དུག་སྤངས་པ་དང་སྤོད་པ་ཀུན།། ཆོས་སུ་སྤོད་པའི་གདང་ན་པ
291b2 གང་ལྟར་བྱས་ཀྱང་གཞི་དང་མཐུན།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་ལྷ་གཅིག་ཏུ་འདུས་པར་བཀའ་བ་ཐོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ལ་བློའི་ཡེ་ཤེས་རང་ཤར་བསྟན་པའི་ཕེཊ་། ཞེ་ལྡན་པའོ།། །
291b3 ཏན་བཀའ་སྩལ་ས།། པི་རྐྱེན་ཡེ་ཤེས་རང་ཤར་བས།། འཇུག་པ་ཀུན་ཏུ་ཚོར་བ་མེད།། ནང་དུ་གོལ་མེད་རང་ཤང་བས།། མངལ་དུ་མི་འཇུག་ལུས་མི་ལེན།། རང་ཤར་སྟོད་པ་ཕྱེ་བ་ཡིན།། རྣམ་རྟོག་ཐམས་ཅད་དུས་གཅིག་ཆོམས།། ལ་འི་ཡེ་ཤེས་རང
291b4 ཤར་བས།། ཕྱི་ཡི་ཀུན་བརྟགས་མ་སྤངས་དག། དེ་ཡང་འདུས་པའི་སྙིང་པོ་ཉོན།། ཀུན་བརྟགས་དེ་དག་རང་སྟོང་ཕྱིར།། འཁོར་བའི་སྐྱེ་བ་ལེན་མེ་སྲིད།། མ་བསླད་རིག་པ་ཆོས་ཀྱི་སྐུ།། དུས་གསུམ་འགྱུར་མེད་རང་བྱུང་བ།། ཅི་ཡང་མཁྱེན་པ་རང་བྱུང
291b5 རྡོ་སྤོང་རང་ཤར་རྣམ་པ་གཉིས།། རྩ་བ་བཞི་ཤེས་ཆོས་སྲུར་གཅིག། དེ་དྲུག་དབྱེ་བས་གོལས་ཆོད།། སངས་རྒྱས་ཐུགས་དང་རྣལ་འབྱོར་སེམས།། གཅིག་ཏུ་ཤེས་པས་གཉིས་སུ་མེད།། ཀུན་བརྟགས་མ་རིག་གཏན་སྟོང་ཕྱིར། ཉམ་པ་མེད་པས
291b6 ལྷུང་མི་སྲིད།། ལུས་དང་མ་བྲལ་བུ་དཱུར་འགྱུར།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སུ་གཅིག་ཏུ་འདུས་པར་བཀའ་བསྒོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུན་འབྱུང་གི་རྒྱུད་ལས། ཡེ་ཤེས་རང་ཤར་ཀྱི་ཡོན་ཏན་བསྟན་པའི་ལེའུ་སྟེ་ཞེ་བདུན་པའོ།།
291b7 དེ་ནས་ཀུན་རིག་སྟོན་པ་ཡིས།། ཡེ་ཤེས་རང་ཤར་རྟོགས་པ་ཡི།། ཉམས་ཀྱི་རིམ་པ་བཀའ་སྩལ་བ།། མཐའ་དབུས་མེད་པའི་རིག་པ་ཡིས།། བློ་ཡི་གཏིང་དུ་གདེང་རྙེད་ཕྱིར།། མཐའ་ནི་ཡོད་མེད་རྟག་ཆད་དང་།། ཡིན་དང་མིན་དང་ངག་མདག།། ཕྱི་དང་ནང་དང




iiif viewer powered by OpenSeadragon

291a - 292a

Texts on this page

Gdg001.21 - rdzogs pa chen po sangs rgyas thams cad kyi dgongs pa chos sku gcig tu 'dus par bka' bgros pa'i don / rin po che yon tan kun 'byung gi rgyud