| | e-texts navigator
|
291a1 འདུན།། དངས་ཉིད་ནས་ཆོས་བླ་ཤེ།། བདེ་དང་མི་བ་ཐམས་ཅད་ཀུན།། འཕྲུལ་བའི་ཟླལ་སློང་བ་ལྟགྶ།། རྟོགས་པའི་དན་ལག་དཔང་མེད།། དེ་ཡང་འདུས་པའི་གང་ན།། མོ་བས་འ་བག་ང
291a2 སྦྱར།། མ་བསྒོམས་བསྒྲུ་བ་ཐག་ཚོང་ཕྱིར།། ས་དྲུག་ལྔགང་སྐྱེས་ཀྱང་།། གཞིལ་མེད་ཤེས་ཆོས་བུ་ཉིད།། དེ་ཡང་འདུས་པའི་སྙིང་པོ་ཉོན།། གོལས་ཆོས་ཉིད་ལ་བཟླག།། ཡེངས་པ་བསྒོམ་པ་ཡིན་ཤེས་ན།། མ་ཡེངས་མཚམས་བཅང་པོ་དམ
291a3 དགོས།། ཡེངས་དང་མ་ཡངས་དོན་ལ་མེད།། རང་ཡུལ་སླེབས་ན་འཇིགས་མེད་འདྲ།། ཏོག་པ་ཆོས་ཉིད་ཡིན་ཤེས་ན།། མ་རྟག་རྗེ་གཅིག་བསྒོམ་མི་དགོས།། རྟོག་པ་དང་སྣོང་སེ་ཤེས་ཤར།། གསེར་འགྱུར་ཅི་ཡིས་ཐེབས་པ་འདྲ།། དུག་ཝ་ཡེ་ཤེས་ཡིན་དེས་ན།།
291a4 འགྱེད་ཚངས་བཤགས་པ་བྱ་མི་དགོས།། ཉོན་མོངས་ཡེ་ཤེས་རང་སར་དག། དུག་ཉིད་སྨན་དུ་སྦྱོར་ཤེས་འདྲ།། ཞེན་པ་ཆོས་སྐུ་ཡིན་ཤེས་ན།། འཇིག་རྟེན་ཆོས་བཀྱང་བྲལ་མི་དགོས།། མ་ཞེན་གྲོལ་བརྟེན་མེ་དགོས།། ནམ་ལངས་ཉི་མ་ཤར་བ་འངདྲ།། འའོ
291a5 འཆོས་ཉིད་ཡིན་ཞེས་ན།། མྱ་ངན་འདས་པ་བསྒྲུབ་མི་དགོས།། རོ་དོགས་མེད་པའི་གདང་ལྡན་ནི།། ཤི་བ་མི་ལྡོག་ཡིད་ཆེས་འང་།། སེམས་ཅན་སངས་རྒྱས་ཡིན་ཤེས་ན།། ཚོགས་བསགས་བསྙེན་བསྒྲུབ་བྱ་མི་དགོས།། གཏེར་ཆེན་རྙེད་པས་སོ་ནམ་མི་དགོས་འདྲ།།
291a6 མ་བསྒོམས་ཆོས་ཉིད་ཡིན་ཤེས་ན།། རྩེ་གཅིག་བསྒོམ་ན་དོན་དང་བྲལ།། མ་བསྒོམས་ཆོས་སུ་གཞི་དང་མཐུན།། དོན་མི་གཉེར་ལ་དགྲ་མེད་འདྲ།། གཉེན་པོ་མི་མཐུན་གྲངས་མང་ཡང་།། རྩ་བ་རང་རིག་ཆོས་སྐུར་གཅིག། དེ་ལས་གཞན་པའི་གདམས་ངག་མེད།།
291a7 ངེས་དོན་གྱུད་ནས་དེ་སྐད་གསུངས།། དེ་ཡང་འདུས་པའི་སྙིང་པོ་ཞོན།། དེ་ཕྱིར་ལ་སྤོས་འདི་ཤེས་པས།། གང་ཡང་མ་ཡིན་ཆོས་སླར་གས་ལ།། དེ་ཙམ་ཉིད་ནི་དམིགས་འཛིན་མེད།། རང་ཡིན་གང་དགར་ཡེ་ཤེས་ཤར།། ཉི་ཤར་མུན་ཐོང་བརླག་པ་འ
iiif viewer powered by OpenSeadragon
290b - 291b